ང་རང་ལོ་ངོ་བཞི་བཅུར་བསླེབ་ལ་ཉེ་བའི་སྐབས་བྷེང་གྷོལ་དུ་སློབ་གྲྭ་ཞིག་གཉེར་བ་ཡིན། མི་ཚེའི་ལོ་ངོ་མང་ཆེ་བ་རྩོམ་རིགས་ཐོག་ཏུ་བཏང་ཞིང་ལྷག་པར་སྙན་ངག་འབྲི་རྒྱུར་དགའ་བའི་ང་རང་ལ་མཚོན་ན་སློབ་གྲྭ་གཉེར་རྒྱུ་ནི་ངའི་འདུན་པ་ཞིག་མ་རེད། དེར་བརྟེན་མི་རྣམས་ཀྱི་སེམས་ལ་ཡང་རང་བཞིན་གྱིས་སློབ་གྲྭ་འདི་ལེགས་པོ་ཞིག་ཡོང་རྒྱུ་མ་རེད་སྙམ་བཞིན་ཡོད་ལ། དེ་ལས་ལྡོག་སྟེ་ཁོང་ཚོའི་སེམས་ལ་དེ་ནི་ཆེས་ཉེན་ཚབས་ཆེ་བའི་གནད་དོན་གསར་པ་ཞིག་སྟེ་ཉམས་མྱོང་མེད་པའི་ཐོན་སྐྱེད་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
རྒྱུ་མཚན་འདི་ལ་བརྟེན་ངས་སློབ་གྲྭ་འདི་ཅིའི་ཕྱིར་གཉེར་བ་ཡིན་ནམ་སྙམ་ནས་རང་གིས་རང་ལ་དྲི་བ་ཡང་ཡང་དྲིས་མྱོང༌། དྲི་བ་འདི་ནི་ཧ་ཅང་ཁ་སྐྱེངས་དགོས་པ་ཞིག་རེད། གང་ཡིན་ཞེ་ན་རྒྱུན་གཏན་མི་རྣམས་ཀྱིས་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་སློབ་གྲྭ་འདི་གཉེར་བའི་སྐོར་སྐད་ཆ་འདྲི་སྐབས་ཁོང་ཚོར་འདོད་པ་ཁེངས་པའི་རྒྱུ་མཚན་ལེགས་པོ་ཞིག་ང་ལ་བཤད་རྒྱུ་མེད། གང་ལྟར་ཡང༌། ངས་ག་དུས་ཡིན་ཡང་གནས་ཚུལ་ངོ་མ་བརྗོད་འདོད་དང་བདེན་པ་བདེན་ཐུབ་བརྗོད་པར་གཙོ་འདོན་བྱེད་ཀྱི་ཡོད།
དེས་ན་ངས་ཆེས་ཐོག་མར་སློབ་གྲྭ་འདི་གཉེར་བའི་བསམ་ཚུལ་ཞིབ་ཕྲ་འདི་འདྲ་ཞིག་རེད་ཅེས་བརྗོད་ཐབས་བྲལ་བར་དགོངས་སེལ་ཞུ་རྒྱུ་ཡིན། བསམ་བློའི་ལྟ་ཚུལ་ཞེས་པ་ནི་རྩིག་རྨང་གཏན་ཁེལ་ཞིག་གི་ཐོག་ཁང་པ་རྩིག་པ་ལྟ་བུ་མིན། དེ་ནི་ས་བོན་ལྟ་བུ་ཞིག་ཡིན་ཞིང༌། སྡོང་པོར་གྱུར་སྐབས་ས་བོན་འདི་རེད་ཅེས་དབྱེ་འབྱེད་བྱེད་པ་དང་ལོགས་སུ་དགར་རྒྱུ་མེད། དེ་ལྟར་བསམ་གཞིག་བྱེད་སྐབས་ངས་སློབ་གྲྭ་གཉེར་བའི་ལྟ་ཚུལ་འདིའི་འབྱུང་རྐྱེན་རགས་པ་ཞིག་ཕལ་ཆེར་འཆར་ཡོང་གི་འདུག དེ་ནི་སློབ་གསོའི་ལྟ་གྲུབ་གསར་པ་ཞིག་ལས་གྲུབ་པ་མ་ཡིན་པར་བདག་གི་སློབ་གྲྭ་བའི་གནས་སྐབས་ཀྱི་དྲན་འཆར་ལས་བྱུང་བ་ཞིག་ཡིན། སྐབས་དེ་ནི་ང་རང་ལ་མཚོན་ན་ཤིན་ཏུ་མ་སྐྱིད་པའི་དུས་སྐབས་ཤིག་ཡིན་ཞིང༌། ངའི་ཐུན་མོང་མ་ཡིན་པའི་གཤིས་སྤྱོད་ལ་ལོངས་སུ་སྤྱོད་རྒྱུ་མེད་ལ་ང་རང་འགྲོ་སའི་སློབ་གྲྭ་དེའི་སྐྱོན་ཆ་གང་ཞིག་མཐོང་ཡང་གསལ་བཤད་བྱེད་ས་ཡེ་ནས་མེད། ཅི་སྟེ་སྐབས་དེར་ངས་གོ་མེད་ཚོར་མེད་ངང་བསྡད་ཚེ་ཕལ་ཆེར་ག་ལེར་ག་ལེར་གནོན་ཤུགས་དེ་བཟོད་ཐུབ་ཡོད་ངེས་རེད་ལ་གཙུག་ལག་སློབ་གྲྭ་ཆེན་མོ་བའི་ལག་འཁྱེར་ཞིག་ཀྱང་ཐོབ་ཡོད་ངེས་རེད། འོན་ཀྱང་སློབ་གྲྭ་ནི་སློབ་གྲྭ་རང་རེད། མཐུན་རྐྱེན་མི་འདྲ་བ་ཙམ་མ་གཏོགས་ཕལ་ཆེར་གཅིག་མཚུངས་རེད།
མཐུན་རྐྱེན་ཁོ་ན་ཙམ་ཡིན་ན་དེ་ནི་བྱིས་པ་ཚོར་ཡང་རང་གི་ཨ་མའི་ནུ་ཞོ་འཐུང་ནས་ཐོབ་ཀྱི་ཡོད་ལ། ཨ་མ་དང་བྱིས་པ་གཉིས་ཀ་དུས་མཉམ་དུ་ཁ་ཟས་ལ་རོལ་ཐུབ་ཀྱི་ཡོད། མ་ཟད་དེ་ནི་ལུས་སེམས་གཉིས་ཀའི་རྒྱགས་ཆེ་ཞིག་ཀྱང་རེད། བྱིས་པ་ཞིག་ལ་མཚོན་ན་གནས་སྐབས་དེ་ནི་མི་དང་འཇིག་རྟེན་བར་ལ་དོན་དངོས་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡོད་པའི་སྐོར་ངོ་སྤྲོད་བྱུང་བ་ཐོག་དང་པོ་དེ་རེད། དེ་ནི་མི་དང་མིའི་བར་གྱི་བརྩེ་དུང་ལས་བྱུང་བ་ལས་ཕྱི་དངོས་པོའི་གཏན་སྲོལ་ཞིག་ལས་བྱུང་བ་གཏན་ནས་མིན་ནོ།
དེ་ལྟར་ན་ངེད་ཅག་གི་བུ་རབས་ཚོའི་སྐོམ་པ་ཚད་མེད་པ་དེ་ལ་ཡང་མི་ཚེའི་རིན་ཐང་ཡོངས་སུ་གཞལ་བའི་ཆབ་རྒྱུན་འདྲེན་དགོས་ངེས་རེད་ལ། གསར་སྐྱེས་ཀྱི་བསམ་བློ་དེ་ཚོར་འཛམ་གླིང་འདིའི་ལྷིང་འཇགས་ཀྱི་ལྟ་ཚུལ་བཟང་པོ་རྣམས་ཀྱིས་རེ་འདོད་སྐོང་དགོས། དེང་སྐབས་ང་ཚོའི་སློབ་གྲྭ་ཁག་གི་ནང་བློ་གྲོས་ཁྱད་དུ་འཕགས་པའི་རླུང་ཁམས་བསྐྲུན་རྒྱུར་དོ་སྣང་མི་བྱེད་པ་མ་ཟད་ད་དུང་བཟོད་དཀའ་བ་དང་ཁྱད་གསོད་ཆེ་བའི་ཁོར་ཡུག་ཅིག་སྐྲུན་བཞིན་ཡོད། འདིས་ང་ཚོའི་བུ་ཕྲུག་རྣམས་ལ་དཀོན་མཆོག་གིས་གནང་བའི་ངོ་མཚར་ཅན་གྱི་ལག་རྩལ་དང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་རང་གཤིས་དེ་ཧམ་ཤེད་ཀྱིས་འཕྲོགས་ཀྱི་ཡོད། དེ་ནི་མི་བུ་སྒེར་གྱི་འདོད་ཚུལ་ལ་ཁྱད་གསོད་བྱེད་པའི་སྒྲིག་གཞི་ཙམ་ཞིག་ལས་མ་འདས་ཤིང༌། ཐོན་སྐྱེད་གཅིག་ཁོ་ན་བསྐྲུན་པའི་བཟོ་གྲྭ་ལྟ་བུ་ཞིག་ཡིན། སློབ་གྲྭས་ང་ཚོར་བསྐྲུན་པ་ནི་ཡིད་ཀྱི་འཆར་སྒོའི་སྤྱི་སྙོམ་གྱི་ཐིག་སྲོང་པོ་ཞིག་ཡིན་ཞིང༌། ཐིག་དེ་བརྒྱུད་ནས་སློབ་གསོའི་ཡུར་བུ་ཞིག་འབྲུ་དགོས་ཀྱི་ཡོད། འོན་ཀྱང་མི་ཚེའི་ལམ་བུ་ནི་དེ་འདྲ་བའི་ཐིག་སྲོང་པོ་ཞིག་མིན་ཏེ། ཐིག་དེ་ཡོད་ཀྱང་ང་ཚོ་ནི་དཔྱངས་ཐག་ལ་རྩེད་རྒྱུར་དགའ་ཞིང་སློབ་གྲྭས་ཁ་རྡུང་གཏོང་སའི་བྱིས་པ་ཤ་སྟག་ཡིན། སློབ་གྲྭ་ལ་མཚོན་ན་དུས་སྐབས་བཟང་ཤོས་ནི་ཧ་ཅང་ཁུ་སིམ་མེར་འཆི་བ་ལྟ་བུ་གནས་པ་དང༌། ཆ་སྙོམས་ལ་མཛེས་ཤིང་སྟབས་བདེ་པོར་གནས་ན་འཐུས་པ་ཡིན། ང་རང་ཉིད་ལ་མཚོན་ན་འདི་ནི་སློབ་གྲྭར་འགྲོ་སྐབས་ཡིད་ཧ་ཅང་སུན་དགོས་པའི་རྒྱུ་རྐྱེན་ཡིན། ཡུད་ཙམ་ཞིག་ལ་ང་རང་གི་འཇིག་རྟེན་ངའི་གཡས་གཡོན་ནས་ཡལ་འགྲོ་བ་ཚོར་ཞིང༌། ང་ཚོར་ཐོབ་པའི་འཇིག་རྟེན་ནི་ཤིང་གི་རྐུབ་སྟེགས་ཡིན་ལ། ངའི་ངོ་གདོང་ན་ལོང་བའི་ཅེར་སྟངས་འདྲ་བའི་ཧ་ཅང་སྲོང་བའི་གྱང་གིས་ཅེར་འདུག
ཁོང་ཚོས་སྐྱོར་བའི་གཏམ་དཔེ་ནི་༼མཁས་པ་སློབ་པའི་དུས་ན་སྡུག བདེ་བར་འདོད་ལ་མཁས་མི་སྲིད།༽ཅེས་པ་དེ་ཡིན། རྒྱུ་མཚན་འདིའི་དབང་གིས་ཕྲུ་གུ་རྣམས་ལ་སྒྲིག་ཆས་བཀོན་ནས་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཡོང་ཐབས་བྱས་ཏེ། རང་ཉིད་ལ་དབང་བའི་ལྷ་ཡུལ་དེ་དང་འཕྲད་ནས་དམྱལ་བའི་ཡུལ་དུ་འདྲེན་པ་རེད། དེར་བརྟེན་ངའི་བསམ་བློས་ཀྱང་ཧ་ཅང་དམ་པའི་སློབ་གྲྭའི་ཕྱི་ཐུམ་དེ་མི་གོན་ཐབས་མེད་བྱུང་ཞིང༌། དེ་ནི་དཔོན་རིགས་བུ་མོ་ཞིག་གི་འཇུར་རྟ་བདག་གི་རྐང་པར་གཡོགས་པ་ལྟར་སྣང་སྟེ། དུས་རྟག་ཏུ་ཕྱོགས་ཀུན་ནས་ཤ་གཅུས་རྒྱབ་པ་དང་བརྡར་བཤུད་བྱེད་ཀྱི་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་དེ་འདྲའི་བག་ཆགས་དེ་ངའི་སེམས་ནང་མ་བཞག་གོང་ང་རང་གནས་སྟངས་དེ་ལས་བྲོས་ཐར་བྱུང་བ་རེད།
ངས་ནི་ང་དང་འདྲ་བའི་མི་རྣམས་ཀྱིས་རང་ཉིད་རིག་གཞུང་ལྡན་པའི་སྤྱི་ཚོགས་ཤིག་ནང་ཞུགས་རྒྱུའི་ཆེད་མྱངས་པའི་ཉེས་ཆད་ཚང་མ་འཁུར་དགོས་བྱུང་མེད། འོན་ཀྱང་བཙན་གནོན་དེ་དག་ལས་ང་རང་རྦད་དེ་མ་ཐར་བ་དེ་ཡང་ཕྱོགས་གཅིག་ནས་དགའ་འོས་པ་ཞིག་རེད། གང་ཡིན་ཞེ་ན་བཙན་གནོན་དེས་མིའི་རིགས་ཀྱི་བུ་ཕྲུག་ཚོས་ནོར་འཁྲུལ་འདིའི་འོག་ཏུ་དཀའ་སྡུག་ཅི་འདྲ་མྱོང་བཞིན་པར་གོ་རྟོགས་སྐྱེ་རུ་འཇུག་གི་འདུག
དེ་ལྟར་ཡོང་དགོས་པའི་རྒྱུ་རྐྱེན་ནི་མི་ཚོས་བྱིས་པར་སློབ་གསོ་སྤྲོད་སྟངས་དེ་དཀོན་མཆོག་གི་འདུན་པ་དང་རྒྱབ་འགལ་དུ་སོང་བས་རེད། ཚོང་ལས་གཉེར་བ་ནི་ང་ཚོ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཡིན་པས་གཞུང་ལས་ཁང་ནས་ཀྱང་རང་གི་དགོས་མཁོ་སྒྲུབ་ཆེད་དེ་དང་མཚམས་པའི་འཆར་གཞི་རེ་འདིང་གི་ཡོད། འོན་ཀྱང་གཞུང་ལས་ཁང་གི་བཀོད་སྒྲིག་དང་འཆར་གཞི་དེ་དཀོན་མཆོག་གི་དགོངས་པ་དང་འཚམས་པོ་ཡེ་ནས་མེད། མ་ཟད་བྱིས་པ་རྣམས་ནི་དཀོན་མཆོག་གི་བུ་ཕྲུག་ཤ་སྟག་གོ
ང་ཚོ་འཇིག་རྟེན་འདིའི་ཐོག་གནད་དོན་འདི་ཁས་ལེན་བྱེད་དུ་སྐྱེས་པ་ལས་གནས་ཚུལ་འདི་ཤེས་པའི་ཆེད་དུ་སྐྱེས་པ་མིན། ཤེས་ཡོན་སྦྱང་ནས་ང་ཚོ་སྟོབས་ཤུགས་ཆེན་པོ་ཆགས་ངེས་ཡིན་ཡང་ང་ཚོར་ངེས་པར་བྱམས་བརྩེའི་བསམ་བློ་ཚད་མཐོ་པོ་ཞིག་དགོས་པ་ཡིན། ཤེས་ཡོན་གྱི་ཚད་མཐོ་ཤོས་ནི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཙམ་མིན་པར་རྒྱུན་གཏན་འགྲོ་བ་ཡོངས་དང་ལྷན་དུ་བདེ་འཇགས་ངང་འཚོ་ཐུབ་པ་བྱ་རྒྱུ་དེ་རེད། འོན་ཀྱང་ཚོར་འདུ་ཡོད་པའི་སློབ་གསོ་འདི་འཆར་གཞི་ལྡན་པའི་ངང་ཉམས་དམས་སུ་བཏང་བ་མ་ཟད་དེ་དང་ཁ་གཏད་དུ་ལངས་བཞིན་ཡོད། ང་ཚོ་འཇིག་རྟེན་འདིར་སྐྱེས་པ་ནས་བཟུང་གོམས་གཤིས་དེ་འཇགས་སུ་བཅུག་ཅིང༌། ང་ཚོར་རང་བྱུང་ཁམས་དང་ཁ་ཐག་རིང་བའི་ཤེས་ཡོན་ཞིག་སློབ་པ་མ་ཟད། ང་ཚོའི་བསམ་བློ་དང་འཛམ་གླིང་གཉིས་འགལ་སྤྲོད་ཏག་ཏག་ལ་སྐྲུན་གྱི་ཡོད། དེས་ན་ང་ཚོར་མཁོ་བའི་སློབ་གསོའི་རྩ་དོན་ངོ་མ་དེར་སྣང་མེད་བཏང་ནས། དེའི་ཚབ་ལ་གནས་ཚུལ་མི་ཉུང་ཞིག་མཁོ་འདོན་བྱས་ཏེ་ང་ཚོ་རང་ཉིད་ལ་དབང་བའི་འཇིག་རྟེན་དེ་བོར་དུ་འཇུག་གི་ཡོད། ང་ཚོས་བྱིས་པ་ཚོའི་འཇིག་རྟེན་བཅོམ་འཕྲོགས་བྱས་ཏེ་དེའི་ཚབ་ལ་ས་ཁམས་རིགས་པ་སློབ་པ་དང་ཁོང་ཚོའི་སྐད་ཡིག་འཕྲོགས་ཏེ་དེའི་ཚབ་ལ་བརྡ་སྤྲོད་སློབ་ཀྱི་ཡོད། ཁོང་ཚོས་ཉན་འདོད་པ་ནི་གཏམ་རྒྱུད་ཡིན་ཡང་དེའི་ཚབ་ཏུ་ལོ་ཚིག་མང་བའི་ལོ་རྒྱུས་འཁྲིད་ཀྱི་ཡོད། ཁོང་ཚོ་ནི་མིའི་རིགས་སུ་སྐྱེས་ཀྱང་མིའི་རིགས་ཀྱི་འཚོ་བར་རོལ་དུ་མ་བཅུག་པར། ཉོན་མོངས་ཀྱི་འཁོར་བར་སྐྱེ་བའི་སྡིག་པ་བསགས་པར་ཉེས་ཆད་འགེལ་གྱི་ཡོད། བྱིས་པའི་རང་གཤིས་ཀྱིས་དཀའ་སྤྱད་འབད་བརྩོན་ངང་བར་ཆད་དེར་གདོང་ལེན་བྱས་ཀྱང་མཐར་ཁོང་ཚོར་ཉེས་རྡུང་དང་ཆད་པ་བཅད་ནས་ཁུ་སིམ་མེར་འདུལ་གྱི་ཡོད།
འུ་ཅག་ཚང་མས་ཤེས་གསལ་བཞིན་བྱིས་པ་ནི་ཐལ་རྩེད་ལ་དགའ་བ་དང༌། ཁོང་ཚོས་མེ་ཏོག་ལ་དགའ་སྣང་བྱེད་པ་བཞིན་ཉི་མའི་འོད་ཟེར་དང་རླུང་བུ་སོགས་ལ་དེ་བཞིན་དུ་དགའ་སྣང་བྱེད་པ་ཡིན། ཁོང་ཚོ་དུས་ནམ་ཡང་འཇིག་རྟེན་ཁམས་དང་ཐད་ཀར་འབྲེལ་གྲོགས་བྱེད་པར་ཉོབ་སྣང་ནམ་ཡང་སྐྱེ་གི་མེད། ཡིད་ཕངས་པ་ཞིག་ལ་ཕ་མ་ཚོས་སྤྱི་ཚོགས་ཀྱི་ལུགས་སྲོལ་དང་རང་གི་གོ་མིང་ལ་བསམ་སྟེ་ཡིད་སྐྱོ་བའི་གོམས་གཤིས་འདིའི་འོག་ཏུ་འཚོ་བཞིན་ཡོད། འདི་འདྲའི་གནས་སྟངས་མང་པོ་ཞིག་ནི་བཅོས་ཐབས་ཧ་ཅང་དཀའ་བ་རེད། གང་ཡིན་ཞེ་ན་མི་ཕལ་མོ་ཆེས་ནི་གནས་སྟངས་ཁོ་ན་ལ་ལྟོས་ནས་བསྡད་པ་དང་སྤྱི་ཚོགས་ཀྱི་ལུགས་སྲོལ་ཧ་ཅང་གཙིགས་ཆེར་འཛིན་གྱི་ཡོད་པས་རེད། འོན་ཀྱང་བྱིས་པའི་དུས་སྐབས་ནི་རང་དབང་མང་ཙམ་ཡོད་པ་དང་རང་དབང་མང་ཙམ་དགོས་པའི་དུས་སྐབས་ཤིག་ཡིན་ཞིང༌། རང་དབང་དེ་ནི་གུ་དོག་པའི་སྤྱི་ཚོགས་ཀྱི་མཐའ་མཚམས་དང་འཇིག་རྟེན་གྱི་ལམ་ལུགས་ལས་ཐར་བ་ཞིག་དགོས།
ངས་གནས་ཚུལ་ཞིག་གསལ་པོར་དྲན་པར། ཐེངས་ཤིག་ངའི་སློབ་མ་ཞིག་གིས་རང་སྦྱོང་བྱེད་ཆེད་རང་ཉིད་ཤིང་སྡོང་སྟེང་འཛེགས་ནས་དེའི་ཐོག་གི་སྡོང་པོ་མང་ས་ཞིག་ཏུ་བསྡད་པས། གནས་ཚུལ་དེ་ཉམས་མྱོང་མང་པོ་ཡོད་པ་དང་སྒྲིག་འཛུགས་ཧ་ཅང་ཡག་པོ་ཡོད་པར་གྲགས་པའི་དགེ་རྒན་ཆེན་མོ་ཞིག་གིས་མཐོང་སྟེ་ཧང་སངས་པ་དང་ཡིད་མི་བདེ་བ་ཆགས་སོང༌། སྐབས་དེར་ངས་བྱབྱཅི་སྟེ་ཤེས་དཔལ་རྒྱས་པའི་མི་ཞིག་ཡིན་ན་མི་ཚེའི་ནང་ཤིང་སྡོང་དང་རྐུབ་སྟེགས་གདམ་ག་བྱེད་རྒྱུ་ཡོད་པ་ནི་བྱིས་པའི་དུས་སྐབས་ཁོ་ན་ཡིན། ང་ཚོ་མི་རྒན་པ་རྣམས་ལ་གདམ་ག་དེ་མེད་པ་ལྟར་བུ་ཆུང་འདིའང་ཤིང་སྡོང་ནས་མར་འབབ་ཏུ་འཇུག་དགོས་སམ།བྱབྱཞེས་སྐད་ཆ་མ་དྲིས་ཐབས་མེད་བྱུང༌། དེ་ལས་ཧང་སངས་པ་ཞིག་ལ་དགེ་རྒན་ཆེན་མོས་སློབ་ཕྲུག་དེས་རྩི་ཤིང་རིགས་པ་སློབ་སྦྱོང་བྱེད་པའི་རྒྱུ་མཚན་ལ་བརྟེན་ནས་ཤིང་སྡོང་ཐོག་སྡོད་ཆོག་པར་མོས་མཐུན་བྱས་སོང༌། ཁོང་གིས་མིའི་ཉམས་མྱོང་དང་འབྲེལ་མེད་ཀྱི་ཤིང་སྡོང་ཞིག་ལ་སློབ་སྦྱོང་བྱེད་པ་དང་དེ་ཡང་བྱབྱཚན་རིག་བྱབྱསྦྱོང་གི་ཡོད་པའི་རྒྱུ་མཚན་ཞིག་མཐོང་བ་མ་གཏོགས་མི་བུ་རང་ཉིད་ཀྱི་ཉམས་མྱོང་གི་སློབ་སྦྱོང་ཞིག་ལ་བརྩི་ཡི་མེད། ཉམས་མྱོང་འདི་ལ་བརྟེན་ནས་བག་ཆགས་ཤིག་སྐྱེ་གི་ཡོད་ཅིང་དེ་ནི་རང་བྱུང་ཁམས་ཀྱིས་ང་ཚོར་ངོ་སྤྲོད་བྱེད་པའི་ཐབས་ལམ་ཀྱི་འབྲས་བུ་ཞིག་ཡིན། བདག་གི་སློབ་ཕྲུག་ཚོར་མཚོན་ན་ཤིང་སྡོང་བརྟགས་པའི་སློབ་སྦྱོང་གང་འཚམས་ཤིག་ཐོབ་ཡོད། ཁོང་ཚོས་ཤིང་སྡོང་ལ་རེག་པ་ཙམ་གྱིས་སྡོང་པོ་གང་ཞིག་གི་ཐོག་ཏུ་རྐང་པ་བཞག་ན་འོས་པ་དང༌། ཡལ་ག་ཇི་ཙམ་ཞིག་གི་ཐོག་ཏུ་གུ་ཡངས་བྱེད་ན་འཚམས་པ། ལྕུག་ཕྲན་གང་ཙམ་ཞིག་གི་ཐོག་ཏུ་གཟུགས་པོའི་ལྗིད་ཤུགས་ཇི་ཙམ་འགེལ་འོས་པ་སོགས་ཀྱི་གནས་སྟངས་གསལ་པོར་ཤེས་ཀྱི་ཡོད། ངའི་སློབ་མ་ཚོས་སྡོང་པོ་ལས་སིལ་ཏོག་ལེགས་པོར་འཐུ་ཤེས་པ་དང༌། སྡོང་པོའི་སྟེང་དུ་ངལ་གསོ་བྱེད་པ་དང་ཉེན་ཁའི་སྐབས་སུ་སྡོང་གསེབ་ཏུ་ཡིབ་སྟངས་སོགས་ཤེས་ཀྱི་ཡོད། ང་རང་ངོས་ལ་མཚོན་ན་རིག་གཞུང་ལྡན་པའི་གྲོང་བརྡལ་གྱི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་རུང༌། ང་རང་གི་གོམས་གཤིས་རྣམས་རིམ་པས་འགྱུར་རྗེས་ང་ནི་རྩི་ཤིང་གང་ཡང་མེད་པའི་འཇིག་རྟེན་ཞིག་ཏུ་སྐྱེས་པ་ལྟར་གྱི་འཚོ་བ་ཞིག་ལ་རོལ་དགོས་བྱུང༌། རྒྱུ་མཚན་དེར་བརྟེན་ངས་རང་གི་བུ་སློབ་ཚོས་ཤིང་སྡོང་དང་མཉམ་དུ་འགྲོགས་རྒྱུ་ནི་ཤེས་ཡོན་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ། ང་ཚོའི་འཚོ་བ་ནི་ཤིང་སྡོང་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པར་ངེས་ཤེས་རྙེད་ཐབས་བྱེད་ཀྱི་ཡོད། དེ་བཞིན་ཤིང་སྡོང་གིས་ལྗང་རྫས་དང་ནག་རྫས་སྤྱད་ནས་སྲོག་རླུང་ཐོན་སྐྱེན་བྱས་པ་ཙམ་མིན་པར། ཤིང་སྡོང་ནི་སྲོག་དང་ལྡན་པ་ཞིག་ཡིན་པར་ར་སྤྲོད་ཐུབ་པ་བྱེད་ཀྱི་ཡོད།
དོན་དམ་དུ་ང་ཚོའི་རྐང་མཐིལ་གཉིས་ནི་སའི་གོ་ལ་འདིའི་ཐོག་ལངས་ནུས་པ་དང་གོམ་པ་སྤོ་ཐུབ་པའི་ལག་ཆ་ཡག་ཤོས་ཤིག་རེད། འོན་ཀྱང་ང་ཚོས་ལྷམ་གྱོན་པའི་ཉིན་ཐོག་མ་དེ་ནས་བཟུང་ང་ཚོའི་རྐང་མཐིལ་གྱི་བེད་སྤྱོད་ཉུང་དུ་སོང་ཡོད། རྐང་མཐིལ་གྱི་འོས་འགན་ཉུང་དུ་སོང་བ་དང་ལྷན་དེའི་ཆེ་མཐོངས་ཀྱང་རིམ་བཞིན་བརླགས་ཏེ། ད་ཆ་ང་ཚོས་རིན་གོང་དང་དབྱིབས། ཆ་ཚད་འདྲ་མིན་གྱི་རྐང་ཤུབ་དང་སིལ་ལྷམ། འཇུར་རྟ་སོགས་ལ་བརྟེན་དགོས་ཀྱི་ཡོད་པས། དཀོན་མཆོག་གིས་ང་ཚོར་ཚོར་ཤེས་ལྡན་པའི་རྐང་མཐིལ་གྱི་ཚབ་ཏུ་རྨིག་པ་ཞིག་མ་གནང་བར་འཁང་ར་དྲག་པོ་བྱེད་པའི་དུས་ལ་སླེབས་ཡོད།
མིའི་རིགས་ཀྱིས་ལྷམ་རྩ་བ་ནས་བེད་སྤྱོད་མི་བྱེད་པར་ངས་རེ་བ་བཅང་གི་མེད། འོན་ཀྱང་ང་ཚོའི་བྱིས་པ་རྣམས་ཀྱིས་རང་ཉིད་ལ་རང་བྱུང་གིས་རིན་མེད་དུ་གནང་བའི་རྐང་མཐིལ་དེ་བེད་སྤྱོད་གཏོང་མི་ཆོག་པར་ངས་བློ་རྩེ་གཏན་པོས་ཁ་གཏད་བྱེད་ངེས་ཡིན། དོན་དངོས་ཐོག་ང་ཚོའི་རྐང་ལག་གི་རེག་བྱ་ནི་སའི་གོ་ལ་དང་ཆེས་བློ་ཐག་ཉེ་ཤོས་དང་གོམས་འདྲིས་ལྡན་པ་ཞིག་ཡིན། སའི་གོ་ལར་རང་ཉིད་ཀྱི་འབུར་ཀོང་ཐོག་སྒྲ་དབྱངས་དཀྲོལ་མཁན་གྱི་ཆེས་དགའ་ས་དང་འོ་བྱེད་མཁན་གཅིག་རང་ཡོད་པ་ནི་རྐང་པ་ཡིན།
བདག་གིས་སླར་ཡང་བཟོད་གསོལ་ཞུ་དགོས་པ་ཞིག་ལ། ང་ནི་ཆུང་དུས་ནས་རྐང་པ་དམར་རྗེན་མ་ཐལ་རྡུལ་དང་རེག་མི་བཅུག་ཅིང་ཁྱིམ་གྱི་འཚོ་བ་ཁོ་ནའི་འོག་ནར་སོན་པ་ཞིག་ཡིན། ངས་རང་གི་སློབ་བུ་ཚོས་རྐང་རྗེན་མར་སའི་གོ་ལའི་ཐོག་སྐྱོད་པ་དང་འགྲན་ཟླ་བྱེད་དུས། ངའི་རྐང་པ་དང་སའི་གོ་ལའི་དབར་ཆེས་མཐུག་པའི་བར་ཁྱད་ཞིག་ཡོད་པ་ཡིད་གདུང་དྲག་པོས་ངེས་ཤེས་རྙེད་བྱུང༌། ངས་ཆེད་དུ་གཉེར་ནས་ཚེར་མའི་ཐོག་བསྐྱོད་ཅིང་དེའི་ཐོག་ནས་དགའ་བདེའི་ཚོར་སྣང་ཞིག་རྙེད་ཐབས་བྱས། འོན་ཀྱང་བདག་གི་རྐང་པར་བཟོད་སྲན་ཕྲ་མོ་ཙམ་ཞིག་ཀྱང་བཟོད་པའི་ནུས་པ་བྲལ་འདུག ཆེས་ས་ཁོད་སྙོམས་པའི་སའི་གོ་ལའི་ངོ་གདོང་རེ་རེ་ནའང་དེའུ་འབུར་དང་ལུང་གཤོང་གི་མཛེས་རྐོང་རེ་ཡོད་པ་ནི་སློབ་གསོ་ཐོབ་པའི་རྐང་པའི་རྣམ་དཔྱོད་ཁོ་ནས་རྟོགས་ཐུབ། དུས་རྒྱུན་ངས་ཆེས་སྙོམས་པའི་ཞིང་ཐང་ཐོག་ཏུའང་དོན་མེད་གྱ་གྱུ་མང་བའི་རྐང་ལམ་ཆགས་པར་ཡ་མཚན་ཡང་ཡང་སྐྱེ་གི་ཡོད། དེ་བས་རྐང་ལམ་དེ་དག་ནི་མི་སྒེར་ཞིག་གི་གློ་བུར་གྱི་བསམ་བློ་ལས་བྱུང་བ་ཞིག་མིན་པ་ཤེས་དུས་ལྷག་པར་མགོ་འཐོམས་ཀྱི་འདུག ཅི་སྟེ་ལམ་འགྲོ་བ་དེ་དག་ལ་གཅིག་འགྱུར་གྱི་སྤྱོད་ཚུལ་ཡ་མ་ཟུང་ཞིག་མེད་ཚེ་རྐང་ལམ་གཏན་འཁེལ་དེ་འདྲ་ཞིག་ཆགས་མི་སྲིད་པར་ཐེ་ཚོམ་བྲལ། འོན་ཀྱང་རྒྱུ་རྐྱེན་ངོ་མ་ནི་སའི་གོ་ལས་འུ་ཅག་གི་ཚོར་འདུ་བྲལ་བའི་རྐང་པའི་གདེགས་འཇོག་ལ་བརྡ་སྟོན་བྱས་པ་ཞིག་ཡིན། སའི་གོ་ལ་དང་མིའི་བར་གྱི་འབྲེལ་ལམ་མ་བརླགས་པའི་མི་བུ་ཞིག་ལ་མཚོན་ན་རང་ཉིད་ཀྱི་རྐང་པའི་ཤ་གནད་ཀྱིས་ཆེས་མྱུར་པོར་གོམས་འདྲིས་བྱེད་ཐུབ་ལ་མ་མཐར་ཡང་བརྡ་ཞིག་སྟོན་ཐུབ། དེ་ལྟ་བུའི་རྐང་པས་ཚེར་མའི་ན་ཟུག་སོགས་ལས་གཡོལ་ཐུབ་ལ། ཅི་སྟེ་ཚེར་མ་དང་ལམ་འབར་འབུར་ཐོག་གོམ་པ་སྤོས་ཀྱང་མི་བདེ་བའི་ཚོར་སྣང་ཧ་ཅང་ཉུང་ངུ་སྐྱེ་བ་ཡིན། ལག་ལེན་གྱི་ཐོག་ནས་ང་ཚོའི་རྐང་པར་ལྷམ་གྱོན་དགོས་པ་དང༌། སྣུམ་ནག་གི་གཞུང་ལམ་བསྐྲུན་པ། རླངས་འཁོར་སོགས་དགོས་ཀྱི་ཡོད་པ་ངས་གསལ་པོར་ཤེས་ཀྱི་ཡོད། འོན་ཀྱང་བྱིས་པ་ཚོས་ཤེས་ཡོན་སྦྱོང་བའི་གནས་སྐབས་སུ་འཇིག་རྟེན་འདི་རི་མོའི་འབྲི་སའི་འཛིན་ཁང་ལྟ་བུ་ཞིག་མིན་པ་དང༌། རང་གི་མཛེས་སྡུག་ལྡན་པའི་རྐང་པ་དེ་ལོངས་སུ་སྤྱོད་བྱེད་ཀྱི་རང་བྱུང་ཁམས་ཤིག་ཡོད་པའི་ར་སྤྲོད་བྱེད་ན་མི་རུང་ངམ།
བདག་གི་སློབ་གྲྭར་འཚོ་བ་རྒྱས་སྤྲོས་མི་བྱེད་པར་སྟབས་བདེ་བྱེད་དགོས་པའི་འདོད་ཚུལ་འཛིན་བཞིན་ཡོད་པས། སྐྱེ་བོ་མང་པོས་དུས་རབས་བར་མའི་དབུལ་ཕོངས་ཀྱི་འཚོ་བའི་གནས་སྟངས་ལ་ཕུགས་བསམ་གྱི་ལྟ་ཚུལ་འཛིན་བཞིན་འདུག་ཅེས་བརྗོད་མཁན་འདུག སློབ་གསོ་རིག་པའི་ངོས་ནས་བརྗོད་ན་དབུལ་ཕོངས་ངོས་འཛིན་བྱེད་སའི་གནས་དམ་པ་དེ་སློབ་གྲྭ་མ་ཡིན་ནམ། གང་ཡིན་ཞེ་ན་མི་ཞིག་གི་སློབ་ཚན་ཐོག་མ་དང་སྦྱོང་བརྡར་ཐོག་མ་ཐོབ་ས་ནི་སློབ་གྲྭ་རེད། སྒོར་མོ་ས་ཡ་མང་པོ་ཡོད་པའི་ཕྱུག་བདག་གི་བུ་ཕྲུག་ཡིན་ཡང་ཐོག་མར་སྐྱེ་དུས་གང་ཡང་མི་ཤེས་པའི་དབུལ་ཕོངས་ཏེ་མི་ཚེའི་སློབ་ཚན་ཐོག་མ་ནས་འགོ་འཛུག་དགོས་ཀྱི་ཡོད། ཁོ་པའི་རྐང་པར་བརྟེན་མི་དགོས་པའི་རྒྱུ་ནོར་ཡོད་ཀྱང་ཆེས་དབུལ་ཕོངས་ཀྱི་བུ་ཕྲུག་ལྟར་གོམ་པ་རྒྱག་སྟངས་སྦྱང་དགོས་ཀྱི་ཡོད། དབུལ་ཕོངས་ཀྱིས་འཚོ་བ་དངོས་དང་འཇིག་རྟེན་གྱི་གནས་ལུགས་ངོ་མ་རྟོགས་ཤིང༌། རྒྱས་སྤྲོས་ཀྱིས་དོན་དངོས་དང་མི་མཚམས་པའི་འཚོ་བ་ཞིག་སྐྱེལ་དགོས་ཀྱི་ཡོད། འཚོ་བ་རྒྱས་སྤྲོས་བྱེད་ན་རང་ཉིད་ཀྱི་སྤྲོ་སྣང་དང་སྤོབས་པར་དགེ་མཚན་ཡོད་ངེས་ཀྱང་ཤེས་ཡོན་སྦྱོང་བར་དགེ་མཚན་མེད། རྒྱུ་ནོར་ནི་གསེར་གྱི་རླུང་ཙི་ལྟ་བུ་སྟེ་དེའི་ནང་ཕྱུག་བདག་གི་བུ་ཕྲུག་རྣམས་ལ་ཟོལ་གྱི་སྟོབས་ཤུགས་སྐྱེས་པར་གསོ་སྐྱོང་བྱེད་པ་དང་མཚུངས། རྒྱུ་མཚན་འདིའི་དབང་གིས་འཚོ་བ་རྒྱས་སྤྲོས་ལ་ཞེན་ཆགས་ཉུང་བའི་བདག་གི་སློབ་གྲྭའི་ནང་ཕྱི་དངོས་པོའི་མཐུན་རྐྱེན་ཉུང་ཙམ་སྤྱོད་དུ་བཅུག་ནས། ངོ་མཚར་ཆེ་བའི་དགེ་རྒན་བཟང་པོ་འདི་དང་འཕྲད་དུ་བཅུག་གི་ཡོད། དེ་ནི་ངེད་ཅག་ཕོངས་དྲག་ནས་མིན་པར་མི་བུ་སྒེར་སོ་སོར་འཇིག་རྟེན་གྱི་ཉམས་མྱོང་རེ་ཐོབ་པའི་ཆེད་དུ་ཡིན་ནོ།
ང་རང་སློབ་ཕྲུག་ཡིན་པའི་སྐབས་ལུས་སེམས་ལ་དཀའ་སྡུག་ཆེན་པོ་ཡོད་པ་གཅིག་ནི་སློབ་གྲྭའི་ནང་ཆ་ཚང་བའི་འཇིག་རྟེན་ཞིག་མེད་པ་དེ་རེད། དེ་ནི་སློབ་ཚན་ཁོ་ན་ཙམ་སློབ་པའི་ཆེད་དམིགས་བསལ་གྱི་བཀོད་སྒྲིག་བྱས་པ་ལྟ་བུ་ཞིག་རེད། ལོ་ན་རྒན་པའི་མི་རྣམས་ལ་མཚོན་ན་གནས་སྟངས་དེ་རན་པོ་ཡོད་ངེས། གང་ཡིན་ཞེ་ན་ཁོང་ཚོས་དེ་ལྟ་བུའི་སློབ་གྲྭ་ཞིག་དགོས་པར་བསམ་ཤེས་ཐུབ་ངེས་རེད་ལ་མི་ཚེ་དང་ཡ་བྲལ་བའི་སློབ་གཞི་དེ་འདྲ་ཞིག་དང་དུ་བླངས་འདོད་ཀྱང་ཡོད་ངེས་རེད། འོན་ཀྱང་བྱིས་པ་ཚོ་ནི་རང་གི་འཚོ་བར་དགའ་ཞིང་དེ་ནི་ཁོའི་ཆེས་ཐོག་མའི་བརྩེ་དུངས་ཡིན། འཚོ་བའི་ཁ་དོག་རེ་རེ་དང་འགུལ་སྐྱོད་རེ་རེས་ཁོང་ཚོའི་ཡིད་སེམས་ཡོངས་སུ་འཕྲོག་གི་ཡོད། ང་ཚོ་སུ་ཞིག་ལ་བརྩེ་དུངས་རྣལ་མ་འདི་དབུགས་སུབ་གཏོང་བའི་ཡིད་འཕེར་བའི་རྣམ་དཔྱོད་ཚད་ལྡན་ཞིག་ཡོད་དམ། བྱིས་པ་རྣམས་ནི་དགོན་པའི་སྒྲིག་གཞི་ལྟ་བུའི་ཤེས་ཡོན་ཞིག་ཐོབ་ཆེད་ཚངས་སྤྱོད་པ་བྱེད་དུ་སྐྱེས་པ་མ་རེད། ཐོག་མར་ཁོང་ཚོ་རང་ཉིད་ཀྱི་མི་ཚེར་བཅངས་པའི་བརྩེ་དུངས་ལས་ཤེས་ཡོན་འཇགས་ཐབས་བྱེད་དགོས་པ་དང༌། དེ་རྗེས་ཤེས་ཡོན་ཐོབ་པའི་ཆེད་དུ་ཁོང་ཚོ་རང་ཉིད་ཀྱི་མི་ཚེ་བློས་གཏོང་བྱེད་ངེས། ཤེས་ཡོན་གྱི་འབྲས་བུ་གང་ཙམ་ཞིག་ཐོབ་རྗེས་ཁོ་ཚོ་སླར་ཡང་རང་གི་འཚོ་བ་དངོས་ནང་ཕྱིར་ཡོང་ངེས་ཡིན།
འོན་ཀྱང་སྤྱི་ཚོགས་ཀྱིས་སྒྲོམ་གཞི་བྱེ་བྲག་པ་ཞིག་བཟོས་ཏེ་གཡོ་བྱུས་ཀྱི་ལམ་ནས་མི་སེམས་འགུག་ཐབས་བྱེད་ཀྱི་ཡོད། དེ་འདྲའི་སྒྲོམ་གཞི་དེ་ནི་ཆེས་ཚགས་དམ་པ་དང་རང་བྱུང་ཁམས་དང་ཁ་ཐག་ཉེ་པོ་བྱེད་པར་བཀག་རྒྱ་ཡོད་པ་ཞིག་ཡིན། གལ་ཏེ་སྐྱེ་བོ་སུ་ཞིག་གིས་སྒྲོམ་གཞི་དེ་དང་བྲལ་ནས་གུ་ཡངས་ཕྲན་ཙམ་ཐོབ་ཐབས་བྱས་ན་དེ་ལ་དཔགས་པའི་ཉེས་ཆད་གོ་རིམ་སྒྲིག་ནས་ཡོད་ལ། ཐ་ན་རང་གི་ཚེ་སྲོག་སྲུང་སྐྱོབས་བྱེད་པར་ཡང་སྒྲོམ་གཞི་དེ་དང་བསྟུན་དགོས་པ་ཡིན། དེ་ལྟར་སོང་དེས་ཕྱོགས་གཅིག་ནས་བདེན་པ་ར་སྤྲོད་བྱེད་པ་དང་གཉིས་ནས་ང་ཚོ་དང་ཡོངས་སུ་འགལ་སྤྲོད་དུ་གནས་པའི་ལུགས་སྲོལ་དེ་དག་ལག་བསྟར་བྱེད་ཀྱི་ཡོད། རྒྱུ་མཚན་འདི་ལ་བརྟེན་ང་རང་ཉིད་ཀྱི་བུ་ལའང་ཤེས་ཡོན་སྤྲོད་སྐབས་དཀའ་ངལ་དུ་མ་འཕྲད་ཀྱིན་འདུག གང་ཡིན་ཞེ་ན་དོན་དངོས་ལག་ལེན་ལ་འགེལ་ཐུབ་པའི་ཐབས་ལམ་ཞིག་ཧ་ཅང་རྙེད་ཁག་པོ་འདུག དེར་བརྟེན་ངས་ཆེས་ཐོག་མར་བདག་གི་བུ་ཆུང་འཁྲིད་དེ་གྲོང་བརྡལ་ནས་གྲོང་གསེབ་ཀྱི་ཕྱོགས་སུ་བལྟ་སྐོར་བྱེད་བཅུག་པ་དང༌། དེང་གི་དུས་སྐབས་སུ་རང་བྱུང་ཁོར་ཡུག་གི་དཔལ་ཡོན་ཇི་ཙམ་ལྷག་ཡོད་པ་དེར་གང་དགའ་ཅི་འདོད་ཀྱིས་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་དུ་བཅུག ཁོས་ཉེན་ཁ་དང་རྒན་རབས་ཚོའི་བཀག་རྒྱ་གང་ལའང་མི་ལྟོས་པར་གཙང་ཆུར་རྐྱལ་རྩེད་བྱེད་པ་དང༌། ཞིང་ཁ་དང་བྱེ་ཐང་ཐོག་རྩེད་མོ་ཡུན་རིང་རྩེད་དེ། མཐར་དུས་ཚོད་ཕྱི་པོ་ཆགས་སྐབས་གཞི་ནས་ཁྱིམ་དུ་ལོག་སྟེ་དྲི་བ་ཙམ་ཡང་མེད་པར་དགོང་ཟས་ཟ་རུ་འོང༌། སྤྱི་ཚོགས་ཀྱི་ལུགས་སྲོལ་གྱིས་དེ་འདྲའི་འདོད་ཡོན་ལ་ལོངས་སུ་སྤྱོད་དབང་མེད་པ་མ་ཟད། ཁོ་དང་འདྲ་བའི་བྱིས་པ་རྣམས་ཀྱིས་ངེས་པར་དུ་བྱེད་སྟངས་དེ་ཚོ་འཛེམ་ཆར་འཛིན་དགོས་ཀྱི་ཡོད། དེ་འདྲའི་སྤྱོད་ཚུལ་ཞིག་མཐོང་ན་བུ་ཕྲུག་དེར་ཡ་ང་བ་མ་ཟད་ཁོའི་ཕ་མ་གཉིས་ལ་སྤྱི་ཚོགས་ཀྱི་སྒྲིག་གཞིས་ཡོངས་སུ་བཅུན་པའི་མི་རྣམས་ཀྱིས་ལེ་འདའ་བྱེད་ངེས་ཡིན། འོན་ཀྱང་བྱིས་པ་རྣམས་ལ་འདོད་ཡོན་དེ་དག་ནི་རྡོག་ཁྲེས་ལྕི་མོ་ཞིག་རེད། རྡོག་ཁྲེས་དེ་དག་ནི་མི་གཞན་དག་གི་གོམས་གཤིས་དང༌། ཁོ་ཚོའི་ཕ་མ་རྣམས་ཀྱི་ཆེ་མཐོངས་དང་སྤྲོ་སྣང་སྣ་ཚོགས་བྱེད་སའི་རྡོག་ཁྲེས་ཤིག་རེད།
གང་ལྟར་ཡང་ཐོན་ཁུངས་ཉུང་བའི་མི་སྒེར་རང་ཉིད་ལ་མཚོན་ན། ང་རང་སྒེར་གྱི་འཆར་གཞི་ལ་དཔགས་པའི་ཤེས་ཡོན་སྤྲོད་ཐབས་ཤིག་བེད་སྤྱད་པ་ཡིན། ངའི་བུ་ཆུང་ལ་འགུལ་སྐྱོད་ཀྱི་རང་དབང་ཅུང་ཟད་ཡོད་པས། ཁོས་རང་ཉིད་དང་རང་བྱུང་ཁོར་ཡུག་གི་དབར་འབྲེལ་ལམ་ཅི་ཞིག་ཡོད་པ་ཚོར་ཐུབ་པ་མ་ཟད། ང་ལས་ཆེས་ལྷག་པར་འཇིག་རྟེན་ཁམས་དང་གོམས་འདྲིས་ཐོབ་ཡོད། དེས་ངའི་སེམས་ལ་ཡང་གཞན་དང་མི་འདྲ་བའི་སྦྱོང་བརྡར་ཞིག་ཐོབ་བྱུང༌།
ཤེས་ཡོན་སློབ་པའི་དགོས་པ་ནི་མི་རྣམས་ལ་བདེན་པའི་དོན་དམ་རྙེད་པ་བྱ་རྒྱུ་དེ་ཡིན། ཆེས་གདོད་མའི་དུས་སྐབས་སུ་འཚོ་བ་སྟབས་བདེ་ཡིན་པས་མི་རྣམས་ཀྱི་འབྱུང་ཁམས་ནི་ཞི་བདེའི་ངང་གནས་ཡོད། འོན་ཀྱང་དབང་པོ་དང་སེམས་ཀྱི་ཤེས་སྟོབས་གཉིས་ལོགས་སུ་འབྱེད་པའི་དུས་སྐབས་བྱུང་མཚམས་སློབ་གྲྭའི་སློབ་གསོས་སེམས་ཀྱི་ཤེས་སྟོབས་གཅིག་པུ་གཙོ་ཆེར་བཟུང་ནས་དབང་པོའི་ཤེས་སྟོབས་ལ་སྣང་མེད་བཏང་བ་རེད། ང་ཚོས་བྱིས་པར་གནས་ཚུལ་མཁོ་འདོན་བྱེད་རྒྱུ་ཁོ་ན་གཙིག་ཆེར་བཟུང་ནས། དབང་པོ་དང་སེམས་ཀྱི་ཤེས་སྟོབས་དབར་ཧེ་བག་ཆེན་པོ་ཞིག་བཟོས་ཡོད་པར་དོ་སྣང་བྱུང་མེད།
ངས་ནི་འཛམ་གླིང་འདི་དང་དམ་པོར་འབྲེལ་བའི་དོན་དམ་གྱི་འཇིག་རྟེན་ཞིག་ལ་ཡིད་ཆེས་བྱེད་ཀྱིན་ཡོད་ཅིང་དེ་ནི་དོན་དམ་གྱི་བདེན་པ་ཡིན་པར་སེམས་བཞིན་ཡོད། ང་ཚོས་དབུག་རྔུབ་ཐེངས་རེར་ང་ཚོ་རང་ཉིད་དཀོན་མཆོག་ཡིན་པའི་བདེན་པ་དེ་ཚོར་དགོས་པ་གལ་ཆེར་མཐོང༌། འུ་ཅག་རྣམས་ངོ་མཚར་དང་སྒྱུ་འཕྲུལ་མང་བའི་འཇིག་རྟེན་འདིའི་ཐོག་སྐྱེས་ཟིན་པས། ང་ཚོའི་མི་ཚེ་འདི་གློ་བུར་གྱི་གོ་སྐབས་ཤིག་ལས་བྱུང་བ་མིན་པར་ཁས་ལེན་བྱེད་དགོས་ཤིང༌། ད་ལྟའི་གནས་སྟངས་འདི་བརྒྱུད་མཐའ་མེད་པའི་གནས་ཤིག་ལ་འཕྱོ་གཡེང་བྱེད་མི་རུང༌། འུ་ཅག་གི་མི་ཚེ་འདི་ནམ་ཡང་གཉིད་ལས་སད་རྒྱུ་མེད་པའི་རྨི་ལམ་གཏོང་མཁན་གྱི་རྨི་ལམ་ལྟ་བུར་ངོས་འཛིན་བྱེད་མི་འོས། ང་ཚོ་ལ་ཐུན་མོང་མ་ཡིན་པའི་རང་གཤིས་རེ་ཡོད་ཅིང་མཐའ་མེད་པའི་གཤིས་ཀ་དེ་དབང་པོའི་ཤེས་སྟོབས་ལ་མ་ལྟོས་ན་དངོས་པོ་དང་ནུས་ཤུགས་སོགས་ལ་སྤྱོད་མཁོ་གང་ཡང་མེད། དེ་ལྟ་བུའི་གཤིས་ཀ་དེ་ནི་མིའི་བརྩེ་དུངས་ལས་བྱུང་བ་ཞིག་དང༌། དེ་ནི་མིའི་བླ་སྲོག་གིས་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ནང་བློས་གཏོང་དང་སྐྱེད་སྲིང་བྱས་པའི་འབྲས་བུ་བཟང་ཤོས་ཤིག་ཡིན་ལ། དེ་ནི་དངོས་པོའི་གནས་ལུགས་ཁོ་ན་ཙམ་མིན་པར་ནང་སེམས་ཀྱི་འདུ་ཤེས་ཕྱིར་མངོན་པ་ཞིག་ཀྱང་རེད་དོ།
འུ་ཅག་གིས་བྱིས་དུས་ནས་སྣང་མེད་ངང་བོར་བརླག་ཏུ་སོང་བའི་དོན་དམ་གྱི་འཇིག་རྟེན་འདི། ང་ཚོའི་བུ་ཕྲུག་རྣམས་འཇིག་རྟེན་འདིའི་ནང་ཡོངས་སུ་ཞུགས་བཅུག་ནས་ཕྱིར་རྙེད་ཐབས་བྱེད་དགོས་པ་ལས། ཆོ་ག་ཕྱག་ལེན་གྱི་ངོ་སྤྲོད་ཅིག་གི་འོག་ནས་འཇིག་རྟེན་འདི་རྙེད་མི་ཐུབ། འོན་ཀྱང་དེ་ཇི་ལྟར་བྱས་ནས་སྒྲུབ་པར་བྱེད་དམ་ཞེ་ན་ཐབས་ཤེས་དེ་ནི་དེང་གི་དུས་རབས་ནང་ཧ་ཅང་དཀའ་ངལ་ཅན་ཞིག་རེད། གང་ཡིན་ཞེ་ན་དེང་སྐབས་མི་རྣམས་ཀྱིས་ངལ་གསོ་ཙམ་ཡང་མེད་པའི་དུས་ཚོད་ཅིག་གི་འོག་ཏུ་འཚོ་བཞིན་ཡོད་ལ། ཁོང་ཚོའི་བྱ་བ་གང་ལའང་འགུལ་སྐྱོད་ཀྱི་རྣམ་པ་ཡོད་པ་མ་རྟོགས་དྲང་བདེན་མེད་པས། དོན་ངོ་མར་ཁོང་ཚོའི་བླ་སྲོག་ལ་འཇིག་རྟེན་རྙེད་ཐུབ་མེད།
རྒྱ་གར་ནང་ང་ཚོས་ད་དུང་ཡང་ནགས་གསེབ་དུ་འཚོ་སྡོད་བྱེད་པའི་བཀའ་དྲིན་ཅན་གྱི་སློབ་དཔོན་ཚོའི་ལུགས་སྲོལ་ལ་གུས་བརྩི་དང་ལེན་བྱེད་ཀྱི་ཡོད། དེང་རབས་ཀྱི་ལྟ་ཚུལ་ངོས་ནས་བཤད་ན་གནས་དེ་ཚོ་ནི་སློབ་གྲྭ་དང་དགོན་པ་གང་ཡང་མ་རེད། ཁོང་ཚོས་རང་གི་ཕ་མ་བུ་ཕྲུག་དང་ལྷན་དུ་ཁྱིམ་བཅོས་ཤིང་ཁོང་ཚོའི་འདུན་པ་ནི་དཀོན་མཆོག་མཇལ་རྒྱུ་དང་ཁོང་ཚོ་རང་ཉིད་དཀོན་མཆོག་གི་དགོངས་པ་བཞིན་འཚོ་སྡོད་བྱེད་རྒྱུ་དེ་རེད། ཁོང་ཚོ་སྤྱི་ཚོགས་ཀྱི་ཕྱི་ལོགས་སུ་འཚོ་སྡོད་བྱེད་པའི་མི་སྡེ་ཞིག་ཡིན་ཀྱང༌། དོན་དངོས་ཐོག་ཉི་མ་ནི་རྒྱུ་སྐར་གྱི་དབུས་སུ་གནས་ཤིང་དེ་ལས་འོད་ཟེར་དང་ཚེ་སྲོག་བྱུང་བ་བཞིན་མིའི་སྤྱི་ཚོགས་ཀྱི་ལྟེ་བ་ནི་ཁོང་ཚོ་ཡིན། གནས་འདི་རུ་བྱིས་པ་རྣམས་ཁྱིམ་གྱི་བདག་པོར་མ་གྱུར་གོང་ཐོག་མཐའ་མ་མཆིས་པའི་མི་ཚེའི་དོན་སྙིང་དངོས་དེ་རྟོགས་ཀྱིན་དུ་འཚར་ལོངས་བྱེད་ཀྱི་ཡོད།
དེས་ན་གནའ་སྔ་མོའི་དུས་སུ་རྒྱ་གར་ནང་སློབ་གྲྭ་གང་དུ་ཡོད་ས་དེར་འཚོ་བ་ཡོད་པ་དང༌། སློབ་གྲྭ་དེ་ཚོའི་ནང་བྱིས་པ་རྣམས་འབྲི་ཀློག་གི་ཁོར་ཡུག་གམ་དགོན་པ་ལྟར་དབེན་གནས་ཀྱི་ཁོར་ཡུག་ཅིག་གི་འོག་ཏུ་ཚར་ལོངས་མི་བྱེད་པར། ཁོང་ཚོ་འཚོ་བ་དངོས་ཀྱི་ཁོར་ཡུག་ཅིག་ནང་ནར་སོན་ཞིང་ཡོད། ཁོང་ཚོས་སྒོ་ཕྱུགས་རྣམས་སྤང་ཐང་ཐོག་སྐྱོངས་པ་དང༌། མེ་ཤིང་འཐུ་བ། ཤིང་ཏོག་འཐུ་བ། སྲོག་ཆགས་རྣམས་ལ་བྱམས་བརྩེ་སྤྲོད་པ་སོགས་བྱས་ཏེ། རང་གི་དགེ་རྒན་གྱི་སྙིང་སྟོབས་འཚར་ལོངས་བྱེད་སྟངས་ལ་ལྟ་བཞིན་རང་ཉིད་ཀྱི་སྙིང་སྟོབས་འོག་ཏུ་འཚར་ལོངས་བྱེད་ཀྱི་ཡོད། གནས་དེ་རུ་འཚར་ལོངས་དེ་ལྟར་བྱེད་ཐུབ་པའི་རྒྱུ་མཚན་ནི་ཁོང་ཚོའི་དམིགས་ཡུལ་སློབ་འཁྲིད་བྱེད་རྒྱུ་མ་ཡིན་པར་དཀོན་མཆོག་གི་དགོངས་པ་བཞིན་འཚོ་བའི་མི་རྣམས་ལ་སྐྱབས་གནས་སྤྲོད་རྒྱུ་དེ་རེད།
དེས་ན་སྲོལ་རྒྱུན་གྱི་དགེ་སློབ་བར་གྱི་འབྲེལ་ལམ་དེ་ནི་དེང་སྐབས་ཀྱི་ཤེས་ཡོན་སྲིད་ཇུས་ཀྱིས་ལག་བསྟར་བྱེད་ཀྱིན་པའི་བཅོས་མའི་ཞེན་ཆགས་ལྟ་བུ་ཞིག་མིན། ལེགས་སྦྱར་སྐད་དུ་ཆཱཏུསྤཱདིས྄་༡ཞེས་པའི་གཙུག་ལག་སློབ་གྲྭ་དེ་དག་ནང་དེང་སྐབས་ཀྱི་སློབ་གྲྭའི་རྣམ་པ་ཞིག་མེད། སློབ་ཕྲུག་རྣམས་དགེ་རྒན་གྱི་ཁྱིམ་དུ་གནས་བཅས་ཤིང་ཁོང་ཚོ་ནི་ཁྱིམ་ཚང་དེའི་བུ་ཕྲུག་ལྟར་སྐྱོང་ལ། གནས་མལ་དང་ཟས་གོས་སློབ་ཡོན་སོགས་ལ་སྐར་གཅིག་ཀྱང་སྤྲོད་དགོས་ཀྱི་མེད། དགེ་རྒན་གྱིས་རང་ཉིད་ཀྱི་ཤེས་ཡོན་རྒྱུན་སྐྱོང་བྱེད་པ་དང་འཚོ་བ་སྟབས་བདེ་ཞིག་སྐྱེལ་ཞིང༌། སློབ་མར་རོགས་སྐྱོར་བྱེད་པ་ནི་རང་གི་མི་ཚེའི་ཆ་ཤས་ཤིག་ཏུ་བརྩི་བ་ལས་ལས་ཀའི་ངོ་བོ་ཞིག་ལ་བརྩི་གི་མེད། རང་གི་མི་ཚེ་དགེ་རྒན་དང་མཉམ་དུ་སྐྱེལ་བའི་སློབ་གསོའི་ཕུགས་བསམ་འདི་བདག་གི་བསམ་བློའི་རེ་སྙེག་ཏུ་གྱུར། རྒྱལ་ཁབ་གཞན་དག་མང་པོའི་ནང་ཡར་རྒྱས་ཆེན་པོ་ཡོང་བར་འདུན་པ་དྲག་པོ་བཅངས་མཁན་ཚོས་དེ་ལ་དཔགས་པའི་སློབ་གསོའི་དམིགས་ཡུལ་ཞིག་བཟུང་ཡོད། འོན་ཀྱང་ང་ཚོ་རང་ཉིད་ཀྱིས་རང་ཉིད་ལ་ཆེ་མཐོངས་དང་ང་ཚོའི་བྱེད་པོར་གུས་བརྩི་བྱེད་ཆེད། ཤེས་ཡོན་སྦྱོང་བའི་དགོས་པ་ནི་རང་གི་བསམ་བློར་རང་དབང་ཐོབ་རྒྱུ་དང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་དམིགས་ཡུལ་མི་ཆུང་བ་ཞིག་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་བས་འཚོ་ཐབས་ངན་ངོན་ཞིག་གི་ཐོག་འཐབ་རྩོད་བྱེད་པ་ནི་སྙིང་རྗེ་སྐྱེ་དགོས་པ་ཞིག་ཡིན། འུ་ཅག་རྣམས་ལ་སྲོག་འཚོ་ཐུབ་ཙམ་དང་དཀའ་ངལ་མི་འཕྲད་ཙམ་གྱི་ལྟོ་གོས་ཤིག་བྱུང་ན། ཐལ་རྡུལ་གྱི་ཁྲོད་དུ་ཞུགས་ནས་རང་རང་གི་དཀོན་མཆོག་འཚོལ་བ་དང༌། དོན་དམ་གྱི་འཚོ་བའི་ཁྲོད་ནས་རྒྱུ་ནོར་དངོས་དེ་འཚོལ་དགོས་ཏེ། དེ་ནི་ཕྱི་དངོས་པོ་ལས་མི་བྱུང་བར་ནང་སེམས་ཀྱི་འོད་སྣང་ལས་བྱུང་བ་དང༌། དེ་ནི་སྟོབས་ཤུགས་ལས་མིན་ཏེ་བརྩེ་དུངས་ལས་བྱུང་བ་ཤེས་དགོས། བསམ་བློའི་སྙིང་སྟོབས་དེ་ཇི་ལྟར་སྐྱེས་མིན་ནི་ང་ཚོ་རང་ཉིད་ཀྱི་ཕ་ཡུལ་ནང་ཡོད་པའི་འཚོ་བ་དབུལ་བའི་ཤེས་ཡོན་པ་རྣམས་ཀྱིས་ར་སྤྲོད་བྱེད་ངེས། ང་ཚོས་ཤེས་ཡོན་སྦྱོང་བའི་དགོས་པ་ནི་རང་རང་གི་མི་ཚེར་དོན་དམ་པའི་ཕན་ཐོགས་ཡོད་པ་ཞིག་དགོས་རྒྱུ་དང༌། དུས་ཚོད་ཀྱི་དགོས་མཁོ་བྱུང་ཚེ་འཛམ་གླིང་འདིའི་འགྲོ་བ་མི་གཞན་དག་ལ་བདེ་དོན་གྱི་ཆེད་དུ་ལེགས་སྐྱེས་སུ་འབུལ་དགོས་པ་ཡིན།
བདག་གི་སེམས་པ་ན་ཟུག་གིས་མནར་དུས་ངས་རྩོམ་རིག་གི་བྱ་བཞག་ཁྲོད་དུ་ཞུགས་དགོས་བྱུང༌། གློ་བུར་དུ་འདྲེ་གནོན་གྱི་དབུགས་བཀག་འོག་ཏུ་ང་རང་འཁུན་སྒྲ་སྦྱིན་གྱིན་པའི་སྣང་བ་ཞིག་འཆར། དེ་ནི་བདག་གི་རྣམ་ཤེས་ཁོ་ན་ཙམ་མིན་པར་བདག་གི་ཚེ་སྲོག་དང་ལྷན་དུ་འཐབ་རྩོད་བྱེད་ཀྱིན་པའི་མི་རིགས་ཤིག་གི་རྣམ་ཤེས་ཀྱང་རེད། ངས་གསལ་པོར་ཤེས་པར་དོན་དངོས་ཐོག་ང་ཚོར་དགོས་པ་ནི་རྒྱུ་ནོར་དང་སྟོབས་ཤུགས་མིན་པར་བསམ་བློར་རང་དབང་ཐོབ་དགོས་པ་དང༌། ང་ཚོས་འགྲན་རྩོད་བྱེད་ས་ནི་དཔལ་འབྱོར་མཁོ་སྒྲུབ་བྱེད་མཁན་ཚོ་མིན་པར་དཀོན་མཆོག་གི་དགོངས་པ་བཞིན་འཚོ་བར་དགྲ་ཟླ་མེད་པ་དང༌། མཐོང་ཆུང་ཁྱད་གསོད་ཀྱི་འོག་ནས་ཐར་ཐབས་བྱ་རྒྱུ་དེ་རེད།
སྟབས་ལེགས་པ་ཞིག་ལ་ང་རང་ལ་རང་ཉིད་ཀྱི་ལས་དོན་སྒྲུབ་སའི་ས་ཆ་ཞིག་ཡོད། ངའི་པ་ལགས་ཀྱིས་འགྲུལ་བཞུད་མང་པོ་བྱས་རྗེས། མཐར་དཀོན་མཆོག་དང་གྲོགས་འདྲིས་ལེགས་པོ་བྱེད་ཐུབ་པའི་ཁེར་རྐྱང་གི་གནས་འདི་རྙེད་ཐུབ་པ་རེད། གནས་འདི་ནི་ཞི་བདེ་དང་དབེན་གནས་ལ་དགའ་བའི་མི་རྣམས་ལ་སྒོམ་སྒྲུབ་དང་ཞལ་འདོན་བྱེད་སར་པ་ལགས་ཀྱིས་ལེགས་སྐྱེས་སུ་གནང་བ་རེད། ང་རང་གནས་འདིར་ཡོང་དུས་བྱིས་པ་བཅུ་ཙམ་ཞིག་མཉམ་དུ་འཁྲིད་ཡོད་ལ། སྔོན་ཆད་ཉམས་མྱོང་གང་ཡང་མེད་པའི་འཚོ་བ་གསར་པ་ཞིག་དངོས་སུ་འགོ་བཙུགས་པ་ཡིན།
ཁོ་བོ་ཅག་གི་ཨཱཤ་རཱམ་༢དེ་ནི་རྒྱ་ཆེ་བའི་ལྗོངས་ཤིག་ཡིན་ཞིང༌། གྲོག་མཁར་དང་འགྲན་པའིཏ་ལའི་ཤིང་དང་ཚེར་མའི་ལྡོམ་བུ་ཐར་ཐོར་འགའ་སྐྱེས་པ་མ་གཏོགས་གཞན་དམར་ཐིང་ངེར་ཡིན། ཞིང་ཐང་གི་ས་ཁོད་ལས་ཀྱང་དམའ་ས་ན་ཤག་མ་དམར་པོ་དང་ཁ་དོག་འདྲ་མིན་གྱི་དེའུ་འབུར་དང་རི་ཆུང་གྲངས་ཀྱིས་མི་ལངས་པ་ཡོད་ཅིང༌། དེ་དག་གི་དབར་ན་ཆར་ཆུ་རྒྱུག་སའི་ཆུ་ཡུར་གྱིས་འབྲེལ་ནས་ཡོད། ལྷོ་ངོས་སུ་གྲོང་གསེབ་དང་ཅུང་ཉེ་ས་ཞིག་ན་ཏ་ལའི་ལྗོན་ཤིང་གི་ས་གཤོངས་སུ་སྔོ་ཐིང་ཐིང་གི་འཁྱིལ་ཆུ་དྭངས་མ་ཞིག་ཡོད། ཁུ་སིམ་པའི་ཞིང་ཐང་ཐོག་གྲོང་གསེབ་པ་ཚོས་གྲོང་བརྡལ་དུ་ཉོ་ཚོང་བྱེད་ཆེད་དུ་སྐྱོད་སའི་རྐང་ལམ་ཕྲ་མོ་ཞིག་ཡོད་ཅིང་དེ་ནི་ཚ་ཟེར་ཅན་གྱིས་ཡུན་རིང་བསྲེགས་ནས་དམར་ཐིང་ངེར་གྱུར་ཡོད། རྐང་ལམ་འདི་བརྒྱུད་ནས་ཡོང་མཁན་གྱི་འགྲུལ་པ་ཚོས་རྒྱང་རིང་པོ་ནས་ག་གེ་གུག་གེའི་ཞིང་ཐང་གི་མཐོ་ས་ན་གཏོར་གཟུགས་ཅན་གྱི་ལྷ་ཁང་འདི་དང༌། ཁང་པའི་རྩེ་ཐོག་ན་ཞི་གནས་ཁང་ཤཱན་ཏི་ནིཀེ་ཏན་༣ཨཱཤ་རཱམ་དེ་ཨཉ་མཱ་ལཱ་ཀི་༤དང༌། སཱལ་༥གྱི་ལྗོན་པ་ཐར་ཐོར་གྱི་དབུས་སུ་ཆགས་ཡོད་པ་མཐོང་ཐུབ།
ལོ་ངོ་བཅོ་ལྔ་ཙམ་རིང་དཀའ་སྡུག་དང་འགྱུར་ལྡོག་མང་པོའི་ཁྲོད་སློབ་གྲྭ་འདི་གནས་དེ་རུ་འཚར་ལོངས་བྱུང༌། སྙན་ངག་པ་ཞིག་གི་གྲགས་པ་ངན་པ་ཡོད་པའི་རྒྱུ་མཚན་གྱིས་དཀའ་ངལ་དུ་མ་ཞིག་གི་འོག་ནས་ཕ་ཡུལ་གྱི་མི་རྣམས་ཀྱི་ཡིད་ཆེས་རྙེད་པ་བྱུང་ཞིང༌། དཔོན་དབང་རིང་ལུགས་པའི་དྭོགས་འཆར་ལས་གཡོལ་ཐུབ་པ་བྱུང༌། བདག་གི་ཐོན་ཁུངས་ནི་ཤིན་ཏུ་ཉུང་ཞིང་ཅུང་ཟད་ཡོད་པ་དེ་དག་ཀྱང་བུ་ལོན་གྱི་མནན་ནས་ཡོད། འོན་ཏེ་ཕོངས་པ་འདི་འདྲ་ཞིག་གི་འོག་ཏུའང་བདག་ལ་རང་དབང་གི་སྟོབས་ཤུགས་ཤིག་རྙེད་དེ། ངས་ནི་བདེན་དོན་ལ་བརྟེན་པ་ལས་ཕྱིའི་དངོས་པོར་བརྟེན་གྱི་མེད།
འོན་ཀྱང༌། བདག་གིས་རང་ཉིད་ཀྱི་ཕུགས་བསམ་འདི་སློབ་གྲྭ་འདིའི་ནང་རྙེད་ཐབས་བྱེད་ཀྱི་ཡོད་དམ་ཞེས་དྲིས་ན། ཁོ་བོས་ང་ཚོའི་ཆེས་ཟབ་ཤོས་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་མིན་ནི་ཕྱིའི་གནས་སྟངས་ཀྱིས་ཚད་གཞལ་དཀའ་བ་ཞིག་རེད་ཅེས་ལན་འདེབས་བྱེད་ངེས་ཡིན། ཕུགས་བསམ་མངོན་འགྱུར་བྱུང་མིན་ནི་གནས་སྐབས་ཀྱི་གྲུབ་འབྲས་ལ་བལྟས་ནས་ཚོད་རྩིས་བྱས་ན་མི་འགྲིགས། འུ་ཅག་གི་ཨཱཤ་རཱམ་དེའི་ནང་མིའི་རིགས་ཀྱི་སྣེ་མང་རང་བཞིན་ཅན་གྱི་སྤྱོད་ཚུལ་འདུས་ཡོད། གོམས་གཤིས་མི་འདྲ་བ་དང་སྦྱོང་བརྡར་མི་འདྲ་བའི་ང་ཚོའི་ཁོངས་མི་ཚོར་རང་ཉིད་ཀྱི་ཐུན་མིན་གྱི་གོམས་གཤིས་དོར་དུ་བཅུག་ནས་གཅིག་བསྒྱུར་གྱི་གྲུབ་འབྲས་ཤིག་ཐོན་པར་ང་ཚོས་རེ་བ་ནམ་ཡང་བཅངས་མེད། ལ་ལ་ནི་བྲམ་ཟེའི་ཆོ་རིགས་འཛིན་མཁན་དང་ལ་ལ་ནི་ཧིན་དྷུའི་ཆོས་ལུགས་གཞན་དག་ལ་དད་ཞེན་བྱེད་ཀྱི་ཡོད། ཡང་ལ་ལ་ནི་ཡེ་ཤུའི་ཆོས་ལུགས་ལ་དད་མོས་བྱེད་ཀྱི་ཡོད། ང་ཚོས་ཆོས་ལུགས་དང་གྲུབ་མཐའ་གང་ཞིག་ལའང་འཐེན་འཁྱེར་དང་ཚོད་འཛིན་མི་བྱེད་པས། སྣེ་མང་རང་བཞིན་ཅན་གྱི་ཆོས་ལུགས་ལ་དད་ཞེན་བྱེད་པ་དེས་ང་ཚོར་འགོག་རྐྱེན་ཅི་ཡང་མེད།
རྒྱ་གར་གྱི་མི་རིགས་ཕུད་མི་རིགས་གཞན་པ་རྣམས་ལ་ནགས་གསེབ་ཀྱི་གནས་ཆེན་ཨཱཤ་རཱམ་གྱི་ངོ་མཚར་རྣམས་ངོ་འཕྲོད་ཁག་པོ་རེད། གང་ཡིན་ཞེ་ན་དེ་ནི་ཉི་མའི་འོད་ཟེར་དང་སྐར་མའི་བཀྲགས་མདངས་འོག་ཏུ་གནས་དེ་རུ་ཆུ་སྐྱེས་བཞིན་དུ་འཚར་ལོངས་བྱུང་བས་སོ། རྒྱ་གར་གྱི་གནམ་གཤིས་ཀྱིས་ང་ཚོར་གུ་ཡངས་པའི་རླུངཞིག་གནང་བ་དང༌། མ་ཡུམ་གྱི་སྟོབས་ཤུགས་ཆེ་བའི་སྐད་ཡིག་གི་གཙང་པོས་ཡང་དག་པའི་ཆོ་ག་གདངས་སུ་གྱེར་ཞིང༌། མུ་མཐའ་མེད་པའི་ཞིང་ཐང་གིས་ང་ཚོའི་ཁང་ཁྱིམ་གྱི་མཐའ་ནས་སྐོར་ཡོད། གནས་དེ་རུ་ཉི་མ་ནི་སྔོ་ལྗང་གི་འཇིག་རྟེན་ནས་གསེར་མདོག་གི་མར་བཞིན་མཆེད་དེ། རྨོངས་པ་རྣམས་ལ་བསྐལ་བ་གྲངས་མེད་ཀྱི་སྟག་པའི་སྒྲོན་མེ་ལྟར་གསལ་བར་བྱེད་པ་དང༌། དགོང་དྲོར་སླེབས་ཚེ་རང་བྱུང་ཁམས་ཀྱིས་ཚེ་རབས་ཕྱི་མར་འཆོར་ཉམས་ཀྱི་གུས་འདུད་བྱེད་པ་བཞིན་ནུབ་ཕྱོགས་སུ་བཞུད། གནས་དེ་རུ་ལྗོན་པའི་གྲིབ་སིལ་ཡང་གནས་སུ་བཅའ་འོས་པ་དང༌། ས་གཞིའི་རྡུལ་རྣམས་ཀྱིས་རང་གི་ལག་ངར་སྨུག་པོ་ངེད་ཅག་གི་ཕྱོགས་སུ་སྐྱོང་ཞིང༌། རླུང་བུས་བརྩེ་ཞེན་གྱི་གོས་བཟང་གཡོག་ནས་རང་ཅག་རྣམས་ལ་དྲོད་འཁོལ་སྦྱིན་པར་བྱེད། འགྱུར་མེད་ཀྱི་བདེན་དོན་འདི་དག་གིས་ང་ཚོའི་སེམས་ལ་དྲན་སྐུལ་རེ་བྱེད་ཀྱིན་ཡོད་པས། ཆེས་བླ་ན་མེད་པའི་བླ་སྲོག་ནི་འགྲོ་བ་མིའི་བླ་སྲོག་དང་རང་བྱུང་ཁམས་ཀྱི་བླ་སྲོག་གཉིས་ཟུང་དུ་འབྲེལ་བ་ལས་བྱུང་བར་ངེས་ཤེས་རྙེད་པ་བྱ་རྒྱུ་ནི་རྒྱ་གར་གྱི་དགོས་དོན་གལ་ཆེན་ཞིག་ཡིན། དགོས་དོན་འདི་ནི་གནའ་བོའི་དུས་སུ་ནགས་ཀྱི་སློབ་གྲྭའི་ནང་རང་བཞིན་ངང་གནས་ཡོད་པ་དང༌། དེས་ད་ལྟ་ད་དུང་ཡང་ཁོ་བོ་ཅག་ལ་མཛད་མཐའ་མེད་པའི་མིའི་རིགས་ཀྱི་བརྩེ་སེམས་དང་འབྲེལ་བའི་སྣོད་བཅུད་འདྲ་མིན་ཏེ། ང་ཚོས་རྔུབ་བཞིན་པའི་རླུང་བུའི་ཁྲོད་ནས་འདུ་ཤེས་མྱོང་བ་དང༌། ང་ཚོའི་མིག་གིས་མཐོང་བའི་འོད་སྣང་ནས་འདུ་ཤེས་སྐྱེས་པ། གཟུགས་པོ་འཁྲུ་སའི་ཆུ་ནང་ནས་འདུ་ཤེས་སྐྱེས་པ། ང་ཚོ་འཚོ་ས་དང་འཆི་སའི་ས་གཞི་ནས་འདུ་ཤེས་སྐྱེས་ཐབས་བྱེད་པ་སོགས་ལ་ནན་སྐུལ་བྱེད་ཀྱི་ཡོད། ངས་རྟོགས་པ་དང༌། རང་ཉིད་ཀྱི་ཉམས་མྱོང་ལས་ཤེས་པར་ཨཱཤ་རཱམ་འདིའི་ནང་འཚོ་བའི་དགེ་རྒན་དང་སློབ་མ་རྣམས་ནི་ཉིན་ལྟར་སྐྱེ་བ་ཐོག་མ་མེད་པའི་རྣམ་ཤེས་དེར་རང་དབང་ཐོབ་པར་འཚར་ལོངས་བྱེད་བཞིན་ཡོད་ཅིང༌། དེ་ནི་སློབ་ཁྲིད་ཀྱི་རྒྱུད་རིམ་ཞིག་དང་ཕྱི་རོལ་གྱི་སྒྲིག་འཛུགས་ཤིག་ལ་བརྟེན་ནས་བྱུང་བ་མིན་པར། མཐའ་སྐོར་དུ་ཡོད་པའི་ཁོར་ཡུག་གི་མི་མངོན་པའི་སྟོབས་ཤུགས་དང་དཀོན་མཆོག་དང་གྲོགས་འདྲིས་བྱས་པའི་དད་གུས་ཅན་གྱི་བསམ་བློའི་དྲན་འཆར་ལས་བྱུང་བ་ཞིག་ཡིན།
སློབ་གྲྭ་འདིའི་ནང་སློབ་ཁྲིད་ཀྱི་ཐབས་ལམ་ནི་ང་རང་ཉིད་ཀྱི་བྱིས་དུས་ཀྱི་ཉམས་མྱོང་ལ་གཞིར་བཞག་པའི་རྣམ་བཞག་ཅིག་ལག་བསྟར་བྱེད་ཀྱིན་ཡོད། གོང་དུ་འགྲེལ་བརྗོད་བྱས་པ་ལྟར་བྱིས་པ་ཚོར་ཤེས་རིགས་ཀྱི་འདུ་ཤེས་ལས་ལྷག་པའི་སེམས་བྱུང་གཞན་དག་མང་པོ་ཞིག་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་ང་ཚོའི་སློབ་ཚན་རྒྱ་ཆེ་ས་ནི་དོན་གནད་འདི་གཞིར་བཞག་ནས་སློབ་ཀྱི་ཡོད། ང་ཚོའི་གཤིས་ཀའི་ནང་མི་རབས་མང་པོའི་ཉམས་མྱོང་འདུས་ཡོད་ལ། དེ་དག་གིས་ང་ཚོར་ངལ་དུབ་མི་སྤྲད་པ་མ་ཟད་སྤྲོ་སྣང་ཚད་མེད་སྦྱིན་གྱི་འདུག ཡོན་ཏན་སྦྱོང་སེམས་ཀྱི་སེམས་བྱུང་དེ་ནི་ང་ཚོ་རང་ཉིད་ཀྱི་མི་ཚེའི་ཐོག་ཏུ་ཡོད་ཅིང༌། དེ་ནི་ཕྱི་ངོས་ནས་མེ་སྤར་བ་དང་ཤུགས་ཇེ་ཆེར་གཏོང་ཆོག་པའི་སྒྲོན་མེ་ལྟ་བུ་ཞིག་མིན་ཏེ། མི་ཚེའི་རྒྱུད་རིམ་གྱི་ཁྲོད་དུ་མེ་རང་འབར་དུ་བྱུང་བའི་འོད་ཟེར་ཞིག་ལ་ངོས་འཛིན་དགོས།
སྟབས་ལེགས་པ་ཞིག་ལ་བདག་ནི་རྩོམ་རིག་དང་རོལ་དབྱངས། མཛེས་སྤྱོད་ཀྱི་ལྟ་ཚུལ་སོགས་ལ་ལྷན་སྐྱེས་ཀྱི་དགའ་སྣང་ཡོད་པའི་ཁྱིམ་ཚང་ཞིག་ལ་འཚར་ལོངས་བྱུང༌། བདག་གི་ཕུ་ནུ་དང་མིང་སྲིང་རྣམས་ལ་བསམ་བློའི་རང་དབང་ཡོད་པ་དང༌། ཁོང་ཚོ་མང་ཆེ་བ་ལྷན་སྐྱེས་ཀྱི་རིག་རྩལ་ལ་དུངས་ཞེན་ཆེན་པོ་ཡོད། ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་འཚར་ལོངས་བྱུང་བས། ང་རང་ཆུང་དུས་ནས་བསམ་བློ་གཏོང་རྒྱུར་དགའ་བ་དང་རེ་སྨོན་བཅངས་པ་སོགས་བྱས་ཏེ་རང་གི་བསམ་བློ་རྣམས་ལུས་ངག་གི་རྣམ་འགྱུར་ནས་མངོན་པ་ཡིན། ཆོས་ལུགས་དང་སྤྱི་ཚོགས་ཀྱི་ཕུགས་བསམ་ལྟ་ཚུལ་འཛིན་སྟངས་ཐོག་བདག་གི་ཁྱིམ་ཚང་ནི་རང་དབང་ཡོད་པ་ཞིག་སྟེ། ལྟ་བ་རྙིང་པ་དང་ལུགས་སྲོལ་རྙིང་པ་ལས་ཁ་བྲལ་དུ་སོང་བའི་རྒྱུ་མཚན་གྱིས་སྤྱི་ཚོགས་ཀྱིས་མཐའ་རུ་ཕུད་པའི་ཁྱིམ་ཚང་ཞིག་ཡིན། རྒྱུ་མཚན་འདིས་ང་ཚོའི་བསམ་བློའི་རང་དབང་གི་འཇིགས་སྣང་སེལ་བས་མི་ཚེའི་གནས་སྟངས་འདྲ་མིན་ལ་ཚོད་ལྟ་བྱེད་ཆོག་གི་ཡོད། འདི་ནི་བདག་གི་བྱིས་དུས་སུ་ཐོབ་པའི་ཤེས་ཡོན་ཡིན་ཞིང༌། རང་གི་བསམ་བློ་དང་རྒྱུ་རྩལ་གྱི་ནུས་ཤུགས་ལ་སྦྱོང་བརྡར་བྱེད་པའི་རང་དབང་དང་སྤྲོ་སྣང་ཡིན། རྒྱུ་མཚན་འདིས་ངའི་སེམས་པ་རྟག་ཏུ་རང་བྱུང་ཁམས་ཀྱི་གསོ་སྐྱོང་འོག་འཚར་ལོངས་བྱེད་འདོད་ཅིང༌། སྒྲིག་གཞི་དམ་པའི་སློབ་གྲྭའི་ལམ་ལུགས་ལ་བཟོད་སྲན་མི་ཐུབ་པར་གྱུར།
བདག་གིས་སློབ་གྲྭ་འདི་ཐོག་མར་གཉེར་སྐབས་ང་ལ་ཆུང་དུས་ཀྱི་ཉམས་མྱོང་འདི་ཁོ་ན་ལས་ཉམས་མྱོང་གཞན་དག་གང་ཡང་མེད། ཁོ་བོས་ངོས་འཛིན་གསལ་པོ་ཐུབ་པར་ང་ཚོར་དགོས་པ་ནི་རིག་གཞུང་གི་བྲོ་བ་རོ་མྱངས་བྱེད་རྒྱུ་ལས་ལུགས་སྲོལ་ཅན་གྱི་སློབ་ཁྲིད་ཐབས་ལམ་ཞིག་རྒྱུན་བསྐྱང་རྒྱུ་མ་རེད། སྟབས་ལེགས་པ་ཞིག་ལ་སྐབས་དེར་མཐོ་རིམ་རབ་འབྱམས་པའི་ལག་འཁྱེར་ཐོབ་ལ་ཉེ་བའི་འདུན་པ་ཅན་གྱི་སློབ་བུ་སཱཏིཤི་ཙན྄དྲ་རྱོ་བདག་གི་སློབ་གྲྭ་འདི་སྣང་བར་སོང་བས། རང་ཉིད་ཀྱི་མི་ཚེ་གང་པོ་བདག་གི་བསམ་བློའི་མཇུག་སྐྱོང་བྱེད་པར་ལེགས་སྐྱེས་སུ་འབུལ་རྒྱུའི་དམ་བཅའ་བཞག་པ་རེད། ཁོང་ནི་ལོ་ངོ་བཅུ་དགུ་ཙམ་གྱི་ན་གཞོན་ཞིག་ཡིན་ཡང་རང་ཉིད་ལ་ཁྱད་དུ་འཕགས་པའི་བསམ་བློ་ཞིག་ཡོད། རྒྱུན་གཏན་བསམ་བློའི་འཆར་སྒོ་མང་བའི་འཇིག་རྟེན་དུ་འཚོ་ཞིང་རང་བྱུང་ཁམས་དང་འགྲོ་བ་མིའི་མཛེས་སྡུག་ཡོད་ཚད་ལ་ཚོར་འདུ་མྱོང་བར་འདུ་ཤེས་སྐྱེན་པོ་ཡོད་མཁན་ཞིག་རེད། སཱཏིཤི་ནི་སྙན་ངག་པ་ཞིག་ཡིན་ཞིང༌། གལ་ཏེ་སྐུ་འཚོ་བཞུགས་ཡོད་ན་འཛམ་གླིང་གི་རྩོམ་རིགས་སྡིང་ཆའི་ཁྲོད་ཁོང་ལ་འགྱུར་མེད་ཀྱི་གོ་གནས་ཤིག་ཐོབ་འོས་པ་ཡིན། འོན་ཀྱང་ལོ་ངོ་ཉི་ཤུར་ཕེབས་སྐབས་ཁོང་འཇིག་རྟེན་འདི་ནས་ཞལ་གྱེས་ཤིང༌། སློབ་གྲྭ་འདིར་ལོ་ངོ་གཅིག་ལས་ཞབས་ཞུ་སྒྲུབ་ཁོམས་བྱུང་མེད། ཁོང་ཡོད་དུས་སློབ་ཕྲུག་ཚོས་འཛིན་གྲྭའི་སློབ་ཁྲིད་ཁོ་ན་ཙམ་ལ་ཚད་བཀག་མི་བྱས་པར་ཕྱོགས་ཀུན་ཏུ་འགྲོ་ལམ་རེ་ཡོད་པ་ཚོར་བཞིན་ཡོད། དཔྱིད་དུས་སུ་སཱལ་གྱི་སྡོང་པོ་རྣམས་ལ་མེ་ཏོག་རྣམ་པར་བཞད་དུས་ཁོང་གིས་སློབ་ཕྲུག་ཚོ་ཁྲིད་དེ་ནགས་གསེབ་ཏུ་འགྲོ་བ་དང༌། ལྗོན་པའི་འོག་ཏུ་སྙན་ངག་གྱེར་འདོན་བྱས་ཏེ་སྤྲོ་སྣང་གི་སེམས་པ་རབ་ཏུ་གཡོ་བར་བྱེད། ཁོང་གིས་སྙན་ངག་མཁན་པོ་ཤེགསེ་ཕེར་དང་རང་ཉིད་ཀྱིས་ཆེས་དགའ་མོས་བྱེད་སའི་བྷརཽན་གྱི་སྙན་ངག་གྱེར་འདོན་བྱས་ཏེ། བྱང་ཆུབ་པའི་བྷང་གྷལ་གྱི་སྐད་ཐོག་ནས་སློབ་ཕྲུག་རྣམས་ལ་འགྲེལ་བཤད་རྒྱག་གི་ཡོད། ཁོང་གིས་རང་ཉིད་ཀྱི་དགའ་མོས་བྱེད་སའི་བརྗོད་གཞི་གང་ཞིག་མཐོང་བ་དེ་སློབ་ཕྲུག་ཚོར་བཤད་ཀློག་བྱེད་པ་དང༌། རང་ཉིད་ཀྱིས་གང་བཤད་པ་དེ་དག་སློབ་མ་རྣམས་ཀྱིས་གོ་བ་བླངས་མི་ཐུབ་སྙམ་པའི་སེམས་ཁྲལ་དེ་འདྲ་གང་ཡང་མེད། ཁོང་གིས་གང་བཤད་ཀློག་བྱས་པ་དེ་དག་སློབ་ཕྲུག་ཚོས་ཚིག་ཇི་བཞིན་དང་གོ་བ་མཐིལ་ཕྱིན་པ་ཞིག་རྟོགས་རྒྱུར་དེ་ཙམ་དགེ་མཚན་མཐོང་གི་མེད་ཅིང༌། སློབ་ཕྲུག་ཚོའི་སེམས་པར་གཡོ་འགུལ་ཐེབས་པར་གཙོ་འདོན་བྱེད་ཀྱི་ཡོད། རྒྱུ་མཚན་འདིའི་དབང་གིས་ཁོང་གི་ཐབས་ལམ་དེར་སློབ་མ་རྣམས་ཀྱིས་རྟག་ཏུ་སྤྲོ་སྣང་ཆེན་པོ་བྱེད། སཱཏིཤི་ནི་སློབ་དེབ་ཀྱི་ཁ་ལོ་བསྒྱུར་མཁན་དགེ་རྒན་གཞན་དག་དང་གཏན་ནས་མི་འདྲ། ཁོང་གིས་སློབ་ཁྲིད་གང་གནང་བ་དེ་མི་ཚེ་དང་འབྲེལ་ཞིང༌། སློབ་ཁྲིད་ཀྱི་ལུང་རིགས་འདྲེན་ས་ནི་ཁོང་རང་ཉིད་ཡིན། དེར་རྟེན་སློབ་གསོ་ནི་མི་ཚེའི་རྒྱུ་ཆ་ཞིག་ཏུ་བསྐྲུན་པ་དང༌། ཁྲིད་གཞི་དེ་ལས་སླ་པོའི་ངང་འགྲོ་བ་མིའི་རང་བཞིན་དང་མཉམ་བསྲེས་བྱེད་ཐུབ་ཀྱི་ཡོད། ཐབས་ལམ་དེ་དག་གྲུབ་འབྲས་ལྡན་པ་ཞིག་ཡོང་དོན་ནི་ཁོང་གིས་རང་ཉིད་ཀྱི་མི་ཚེར་སྤྲོ་སྣང་བྱེད་པ་དང༌། རང་གི་བསམ་བློར་ཡིད་ཆེས་བྱེད་པ། རང་གི་ཉེ་འཁོར་དུ་ཡོད་པའི་བྱ་དངོས་ལ་དོ་སྣང་ཆེ་བ། རྒྱུན་གཏན་སློབ་ཕྲུག་རྣམས་དང་འབྲེལ་ལམ་བཟང་བ་བཅས་ཀྱི་ཐོག་ནས་བྱུང་བ་ཡིན། ཁོང་གི་སེམས་སྐུལ་དེ་ནི་དཔེ་དེབ་ཀྱི་ཐབས་ལམ་ལས་བྱུང་བ་མིན་པར་ཚོར་འདུ་སྐྱེན་པའི་རང་གི་བསམ་བློ་དང་འཇིག་རྟེན་ཁམས་གཉིས་དབར་ཐད་ཀར་འབྲེལ་གྲོགས་བཟང་པོ་བྱས་པ་ལས་བྱུང་བ་ཞིག་ཡིན། དུས་བཞིའི་འགྱུར་ལྡོག་གིས་སའི་གོ་ལར་ཤུགས་རྐྱེན་ཇི་ཙམ་སྤྲོད་པ་ལྟར་ཁོང་ལ་ཤུགས་རྐྱེན་དེ་ལྟར་ཐེབས་ཀྱི་ཡོད། རྟག་ཏུ་བར་སྣང་ཁམས་སུ་རྒྱུ་བ་དང༌། རླུང་གསེབ་ཏུ་འཕྱོ་ལྡིང་བྱེད་པ་ན་མཁའ་དབྱིངས་སུ་འོད་ལྷམ་ལྷམ་དུ་འཚེར་བ། ས་གཤིན་གྱི་འོག་ཏུ་གཞིས་བཅས་པའི་རྩ་དང་རྩི་ཤིང་གི་རྩ་བར་སྦིར་ཞིང་སྦྲིད་པའི་རང་བྱུང་ཁམས་ཀྱི་བརྡ་འཕྲིན་མི་མངོན་དེ་དག་རང་གི་ཟུངས་ཁྲག་གི་ནང་དུ་རྒྱུ་བཞིན་པ་ཚོར་གྱིན་ཡོད། ཁོང་གིས་སྦྱང་བརྩོན་བྱས་པའི་རྩོམ་རིག་དེ་དག་ལ་དཔེ་མཛོད་ཁང་གི་དྲི་ཙམ་ཡང་འགོས་མེད། ཁོང་ལ་རྣམ་པ་ཐ་དད་དང་ཤིན་ཏུ་ཕྲ་བའི་རྟོག་དཔྱོད་ཀྱི་ནུས་པ་ཆེན་པོ་ལྡན་པས། རང་ཉིད་ཀྱི་གྲོགས་པོ་གསལ་པོར་མཐོང་བ་ལྟར་རང་གི་བསམ་བློ་གསལ་པོར་མཐོང་བའི་ནུས་པ་ཆེན་པོ་ཡོད།
དེ་ལྟར་ན་བདག་གི་སློབ་གྲྭའི་སློབ་མ་ཚོས་སློབ་དེབ་ལས་ཤེས་ཡོན་མི་སྦྱང་བར། གསོན་ཉམས་ལྡན་པའི་དགེ་རྒན་འདི་འདྲ་ཞིག་གི་འོག་ནས་སློབ་སྟོན་ཞུ་རྒྱུ་བྱུང་བ་ནི་སྐལ་བ་བཟང་པོ་ཞིག་རེད། སློབ་གྲྭའི་ནང་དགོས་ངེས་ཀྱི་ཆ་རྐྱེན་དཔེ་དེབ་སོགས་ང་ཚོ་དང་འཇིག་རྟེན་ཁམས་ཀྱི་བར་ན་མེད་པ་རེད་དམ། ངེད་ཅག་གི་བསམ་བློའི་སྒེའུ་ཁུང་དཔེ་དེབ་ཀྱི་ཤོག་བུའི་ཡོལ་བས་བསྒྲིབས་པ་དང༌། ཀླད་རྩའི་སྐྱི་ཤུན་རེ་རེ་ན་ཤོག་བུའི་ཚིག་ཚོགས་ཀྱི་སྦྱིལ་མོ་བྱུགས་ཏེ་བདེན་དོན་དང་ཐད་ཀར་རེག་ཐུག་བྱེད་པར་འགྲོ་ལམ་མེད་པ་བཟོས་ཡོད། དཔེ་དེབ་ཁོ་ན་ལས་རྙེད་པའི་བདེན་དོན་གྱི་འཇིག་རྟེན་དེས་ང་ཚོ་གནས་བཅའ་སའི་གྱང་གི་གས་སྲུབས་རེ་རེའི་གསེབ་ཏུ་རང་ཉིད་ཀྱི་མཁར་རྫོང་ཞིག་བསྐྲུན་ཏེ། དཀོན་མཆོག་གི་སྣོད་བཅུད་དང་འབྲེལ་གྲོགས་མི་བྱེད་པའི་ཉེན་ཁ་ལས་གཡོལ་ཏེ་གནས་ཡོད། ལོས་ཡིན། དཔེ་དེབ་ལ་དགེ་མཚན་ཡེ་ནས་མེད་པའི་འདོད་ཚུལ་བཟུང་ན་ག་ནས་འགྲིག འོན་ཀྱང་འུ་ཅག་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་དཔེ་དེབ་ལ་དེ་དང་འདྲ་བའི་ཞན་ཆ་དང་འཇིགས་སྣང་བྱེད་དགོས་པའི་གནད་དོན་ཞིག་ཡོད། དེས་ན་ང་ཚོས་ཐབས་ཤེས་གང་དྲགས་ཀྱིས་བྱིས་པའི་སློབ་གསོ་ནི་རང་བཞིན་གྱི་རྣམ་པའི་ཐོག་ནས་བདེན་དོན་ལ་ཁེལ་བ་བྱེད་དགོས་པ་དང༌། དེ་ཡང་མི་དང་རང་བྱུང་ཁམས་གཉིས་དབར་ཐད་ཀར་རེག་ཐུག་བྱས་ཏེ་ཤེས་པ་བྱེད་དགོས་སོ།
རྒྱུ་མཚན་འདི་གཞི་ལ་བཞག་ནས་ངས་ཨཱཤ་རཱམ་ནང་ཁོར་ཡུག་འདི་འདྲ་ཞིག་བསྐྲུན་པའི་ཆེད་དུ་རྒྱུ་ཆ་འཚོལ་སྒྲུབ་བྱས་པ་ཡིན། ཁོ་བོས་གླུ་གཞས་བརྩམས་ཤིང༌། དེའང་ལང་ཚོ་མ་རྒྱས་པའི་བྱིས་པའི་བསམ་བློ་ཁོ་ནར་བལྟས་ནས་བརྩམས་མེད། མང་པོ་ཞིག་ནི་སྙན་ངག་པ་ཞིག་གིས་སོ་སོའི་སྤྲོ་སྣང་གི་ཆེད་དུ་བརྩམས་པ་ཡིན། ༼གླུ་ཐལ་སྦྱར་མ༽ཡི་གླུ་གཞས་མང་ཆེ་བ་ཡང་གནས་འདི་རུ་བརྩམས་པ་ཡིན། བདག་གིས་གླུ་གཞས་གསར་པ་རེ་གསར་རྩོམ་བྱས་རྗེས་བྱིས་པ་ཚོར་དེ་དག་དབྱངས་སུ་ལེན་གྱི་ཡོད་པས། ཁོང་རྣམས་དགའ་སྤྲོས་མྱོས་ཏེ་དེ་དག་ཤེས་ཐབས་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད། ནམ་ཟླ་དྭངས་བའི་ཟླ་བའི་འོད་སྣང་གི་འོག་དང་དབྱར་ཟླ་བདུན་པའི་ཆར་ཤོད་ཀྱི་ཁྲོད་དུ་ཁོང་ཚོ་མཉམ་དུ་འཛོམས་ནས་བག་ཡངས་ཀྱིས་གླུ་དབྱངས་ལེན། བདག་གི་མི་ཚེའི་མཇུག་མཐའི་ཟློས་གར་ཕལ་ཆེ་བ་གནས་འདིར་བརྩམས་ཤིང་སློབ་བུ་ཚོས་དེ་དག་འཁྲབ་སྟོན་བྱེད་པར་ཆ་ཤས་བླངས་ཀྱི་ཡོད། ནམ་དུས་སོ་སོའི་དུས་ཆེན་གྱི་ཆེད་དུ་གཞས་མ་གཏམ་གྱི་ཟློས་གར་འདྲ་མིན་བརྩམས་ཤིང༌། དུས་རྒྱུན་ངས་གསར་དུ་བརྩམས་པའི་སྙན་ངག་དང་རྩོམ་ཡིག་གང་ཞིག་དགེ་རྒན་ཚོར་འཆད་ཁྲིད་བྱེད་དུས། བརྗོད་གཞི་གང་ཡིན་ལ་མ་ལྟོས་པར་སློབ་བུ་ཚོས་སྤྲོ་སྣང་ངང་དེ་དག་ཉན་པར་ཡོང་ངོ༌། ཁོང་ཚོས་བག་ཕེབས་ངང་རྩོམ་ཡིག་དེ་དག་ལ་སྦྱང་བརྩོན་བྱེད་པ་དང༌། ཅི་སྟེ་བདག་གི་སློབ་ཁྲིད་སྐབས་ཁོང་ཚོ་སྐད་མ་བཏང་ཚེ་ཉོབ་སྣང་ཆེན་པོ་བྱེད་ཀྱི་ཡོད། ང་རང་ཨ་རིར་མ་ཡོང་བའི་བདུན་ཕྲག་འགའ་ཤས་གོང་བྷརཽན་གྱི་གཏམ་བརྗོད་༼ལུ་རི་ཡ།༽ཞེས་པ་དེ་བྷང་གྷལ་སྐད་ཡིག་ཐོག་ཕབ་སྒྱུར་བྱེད་ཀྱིན་སློབ་ཕྲུག་ཚོར་འཆད་འཁྲིད་བྱས་པ་ཡིན། གཏམ་བརྗོད་ཆ་ཚང་འཆད་ཁྲིད་བྱེད་པར་ཉིན་རྒྱབ་གཉིས་ཀྱི་དུས་ཚོད་ལས་མ་འགོར་ཞིང༌། ཉིན་རྒྱབ་ཕྱི་མ་དེའང་ཉིན་སྔ་མ་ལྟར་དུས་ཚོད་མང་ཉུང་གཅིག་པ་བེད་སྤྱད་པ་ཡིན། སྐབས་དེར་ངའི་སློབ་བུ་ཚོས་འཁྲབ་སྟོན་བྱས་པའི་གཏམ་བརྗོད་དེར་ལོངས་སུ་སྤྱོད་མཁན་རྣམས་ཀྱི་ཡིད་སེམས་རབ་ཏུ་འཕྲོགས་ཤིང༌། སྒྱུ་རྩལ་ལ་བྱང་ཆ་དོད་པའི་གར་མཁན་མཁས་པ་ལྟར་གྱི་རྣམ་དཔྱོད་ལ་གདེངས་འཇོག་མཐོ་པོ་བྱསསོང༌། གང་ཡིན་ཞེ་ན་ཁོང་ཚོ་ནི་ལོ་ངོ་མང་པོར་གཏམ་བརྗོད་འཁྲབ་པར་སྦྱོང་བརྡར་བྱས་པ་དེ་འདྲ་མིན་ལ། དུས་རྒྱུན་སློབ་གྲྭ་ཁག་ནང་འཁྲབ་སྟོན་བྱེད་པའི་བྱིས་པའི་ཟློས་གར་ཚོགས་པ་དེ་འདྲ་མིན་ཡང༌། ཁོང་ཚོས་རང་ཉིད་ཀྱི་འཁྲབ་རྒྱུའི་གཏམ་བརྗོད་ནང་ལུས་ངག་ཡིད་གསུམ་གྱི་རྒྱུ་རྩལ་ཡོངས་སུ་བཏོན་པས་རེད། ཁོང་ཚོར་འཁྲབ་བྱའི་ནང་དོན་དང་འཁྲབ་སྟོན་བྱེད་པའི་འདུན་པ་ཡོད་པ་ཙམ་གྱིས་ཆོག ཟློས་གར་རྩོམ་པ་པོས་རང་ཉིད་ཀྱི་ཟློས་གར་དེ་བྱིས་པ་ཚོས་འཁྲབ་སྟོན་དེ་ལྟར་བྱེད་པར་སེམས་ཁྲལ་དང་ཆེས་མང་བའི་སྐྱོན་བརྗོད་གང་འདྲ་ཞིག་བྱས་ཀྱང༌། ངས་སློབ་བུ་ཚོར་མི་དགའ་བ་ཡེ་ནས་བྱེད་མྱོང་མེད་ལ། དགེ་རྒན་རྣམས་པས་ཁོང་ཚོའི་འཁྲབ་སྟོན་ལ་ཐེ་གཏོགས་བྱེད་པར་བཀག་འགོག་བྱས་ཏེ། སློབ་ཕྲུག་ཚོས་མི་སྣ་གང་འདྲ་ཞིག་གི་ཆ་ཤས་བླངས་འདོད་ཀྱང་དེ་ལྟར་བྱེད་ཆོག་པར་འབད་བརྩོན་བྱེད་ཀྱི་ཡོད། དུས་ཚོས་ནམ་ཡིན་ལ་ཁོང་ཚོ་རང་ཉིད་ཀྱིས་ཟློས་གར་བརྩམས་པ་དང་འཁྲབ་སྟོན་བྱས་ཏེ་ངེད་ཅག་ལྟད་མོར་མགྲོན་འབོད་བྱེད་ཀྱི་ཡོད། ཁོང་ཚོས་རྩོམ་རིགས་ཀྱི་འདུ་འཛོམས་ཡང་ཡང་སྐོང་འཚོགས་བྱེད་པ་དང༌། སྡེ་ཚན་མི་འདྲ་བ་གསུམ་ནས་རང་རང་གི་མུ་འབྲེལ་དུས་དེབ་རེ་འདོན་སྤེལ་བྱེད་ཅིང༌། དེ་དག་ནས་ཆེས་དགའ་མོས་བྱེད་ས་ནི་བྱིས་པའི་སྡེ་ཚན་གྱི་དུས་དེབ་ཡིན། བདག་གི་སློབ་བུ་མང་པོར་རི་མོ་དང་མཚོན་བྲིས་ལ་དགའ་ཞེན་དང་རྣམ་དཔྱོད་ཧ་ཅང་ལེགས་པོ་ཡོད་ཅིང༌། དེའང་སྲོལ་རྒྱུན་གྱི་ཐབས་ལམ་དཔེ་བཤུས་མི་བྱས་པར་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་པ་དང༌། ཕྱི་ལོགས་ནས་ཡོང་བའི་མཁས་དབང་ཚོས་རང་གི་མི་ཚེའི་ཉམས་མྱོང་དང་འབྲེལ་བའི་ལམ་སྟོན་གནང་བ་དག་ལ་བརྟེན་གྱི་ཡོད།
བདག་གིས་སློབ་གྲྭ་འདི་ཐོག་མར་འགོ་བཙུགས་སྐབས་སློབ་བུ་ཚོར་རོལ་དབྱངས་ལ་སྤྲོ་སྣང་ཡོད་པའི་རྣམ་པ་དེ་ཙམ་མེད། དེར་བརྟེན་བདག་གིས་རོལ་མོའི་དགེ་རྒན་འཚོལ་སྒྲུབ་བྱས་མེད་ལ་སློབ་ཕྲུག་ཚོར་ཡང་རོལ་མོའི་སློབ་ཚན་ངེས་པར་དུ་བླངས་དགོས་པར་སྐུལ་འདེད་བྱས་མེད། རོལ་དབྱངས་ལ་སྤྲོ་སྣང་ཡོད་མཁན་ཁོ་ནའི་ཆེད་གོ་སྐབས་བསྐྲུན་ཏེ་རོལ་མོའི་རིག་གཞུང་ལ་སྦྱང་བརྩོན་བྱེད་དུ་བཅུག་གི་ཡོད། གོ་སྐབས་དེས་རོལ་དབྱངས་ལ་སྤྲོ་སྣང་མེད་པའི་སློབ་མ་གཞན་དག་གི་རྣ་བར་ཡང་བག་ཆགས་ཤིག་བསྐྲུན་ཏེ་རིམ་པས་རོལ་དབྱངས་ལ་དགའ་ཞེན་བྱེད་པ་དང༌། སློབ་ཚན་གཞན་དག་ལས་རོལ་མོའི་སློབ་ཚན་ལ་སྤྲོ་སྣང་ཆེ་བར་འཛིན་པའི་སྣང་བ་འཆར་བས་གཞི་ནས་ངས་རོལ་མོའི་དགེ་རྒན་ཞིག་གདན་ཞུ་བྱས་པ་ཡིན།
བདག་གི་སློབ་གྲྭའི་སློབ་བུ་ཚོས་ཞོགས་པ་སྔ་པོ་ནས་ལངས་ཤིང་སྐབས་འགར་སྐྱ་མདའ་མ་ཤར་གོང་ལངས་ཀྱི་ཡོད། ཁོང་ཚོས་ཆུ་འགྲམ་དུ་སོང་ནས་གཟུགས་པོ་འཁྲུ་བ་དང༌། རང་ཉིད་ཀྱི་ཉལ་ཆས་བསྡུ་བ་སོགས་བྱས་ཏེ་རང་གིས་རང་ལ་སྐུལ་ལྕགས་བྱེད་པའི་བསམ་བློའི་སྟོབས་ཤུགས་རྒྱས་པར་བྱེད་དོ།
སྔ་དགོངས་གཉིས་ལ་སྒོམ་རྒྱག་པའི་ཆེད་དུ་སྐར་མ་བཅོ་ལྔ་རེ་ཟུར་འདོན་བྱས་ཡོད། སྒོམ་རྒྱབ་པའི་དུས་ཚོད་འདི་ནི་ཁོང་ཚོར་ཟོག་རྫུ་བྱེད་རྒྱུ་དང་མཉམ་བཞག་ཏུ་སྡོད་རྒྱུའི་ཆེད་དུ་བཀོད་སྒྲིག་བྱས་པ་མ་ཡིན་ཞིང༌། ཁོང་ཚོས་དཀོན་མཆོག་སྒོམ་མི་ཐུབ་རུང་ནགས་གསེབ་ཏུ་རྒྱུ་བའི་ཐང་ལིའི་རྒྱུགས་སྟངས་སོགས་ལ་དམིགས་གཏད་བྱེད་བཅུག་སྟེ། དུས་ཚོད་འདིར་ཁུ་སིམ་སིམ་དུ་གནས་ཏེ་རང་སེམས་ཞི་བར་གནས་ཐབས་བྱེད།
སློབ་གྲྭ་འདི་འདྲའི་སྐོར་འགྲེལ་བརྗོད་ཆ་ཚང་ཞིག་བྱ་རྒྱུ་ཁག་པོ་རེད་མོད། དགོས་ངེས་ཀྱི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ནི་སློབ་གྲྭའི་ཁོར་ཡུག་ཡིན་པ་དང༌། གཞན་ཡང་སློབ་ཕྲུག་ཚོར་བཙན་དབང་གི་སྒྲིག་འཛུགས་ཀྱིས་མི་བཅུན་པ་བྱེད་རྒྱུ་ནི་གནས་དམ་པ་ཡིན། བདག་གིས་དུས་རྟག་ཏུ་སློབ་མ་ཚོའི་སེམས་པར་གལ་ཆེན་འཛིན་པ་དང༌། ཁོང་ཚོར་རང་ཉིད་ཀྱི་འཇིག་རྟེན་ནང་རང་དབང་ངང་ཕྱོགས་ཡོངས་ནས་ཚར་ལོངས་ཡོང་བར་གཞོགས་འདེགས་བྱེད་ཀྱི་ཡོད། སློབ་གྲྭའི་འཛིན་སྐྱོང་བྱེད་སྟངས་ལའང་ཁོང་ཚོས་ཐེ་གཏོགས་གང་མང་བྱེད་ཆོག་ལ། ཉེས་ཆད་གཏོང་དགོས་པའི་དོན་རྐྱེན་བྱུང་ཚེ་དེ་ནི་ཁོང་ཚོ་རང་ཉིད་ཀྱི་ངོས་ལེན་དང་བཟང་སྤྱོད་དང་འབྲེལ་ནས་ཐག་གཅོད་བྱེད་ཀྱི་ཡོད།
མདོར་བསྡུས་ནས་ཞུས་ན། ཁྱེད་རྣམས་ཀྱིས་ཁོ་བོ་ཅག་གི་ཨཱཤ་རཱམ་གྱི་སྣང་ཚུལ་རྣམས་གོ་བ་ལོག་སྒྲུབ་བྱས་ནས་མི་གསན་པར་ངས་གསལ་འདེབས་ཞུ་རྒྱུ་ཡིན། བསམ་ཚུལ་གང་ཞིག་ཤོག་ངོས་ཐོག་ཡི་གེར་ཕབ་དུས་དེ་ནི་སྟབས་བདེ་ལ་ཆ་ཚང་བའི་རང་བཞིན་ཞིག་ཏུ་སྣང་ཡང༌། དོན་དངོས་ཐོག་ཁོང་ཚོའི་རྣམ་དཔྱོད་རྣམས་ཕྱི་དངོས་པོའི་ཐོག་ནས་འགྲེལ་བརྗོད་བྱེད་པ་དང༌། དེ་ཡང་སྣེ་མང་རང་བཞིན་ཅན་དང་འགྱུར་ལྡོག་མང་བའི་གནས་ཚུལ་ཞིག་ཡིན་དུས་ཆ་ཚང་བ་དང་ཁ་གསལ་བའི་འགྲེལ་བརྗོད་ཅིག་བྱེད་ཐུབ་རྒྱུ་ནི་ཤིན་ཏུ་ཁག་པོ་རེད། རང་ཅག་རྣམས་ལ་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཀྱི་དཀའ་ངལ་དུ་མ་ཡོད་ལ་ཕྱིའི་རྒྱུ་རྐྱེན་གྱི་ཆ་ནས་ཀྱང་དཀའ་ངལ་དུ་མ་ཞིག་ཡོད། འུ་ཅག་འགའ་ཞིག་གི་སེམས་སུ་སློབ་བུ་འདི་ཚོའི་བསམ་བློར་ཡིད་ཆེས་ཧ་ཅང་ཉུང་ངུ་ལས་མེད་ཅིང༌། ཡང་འགའ་ཞིག་ལ་དེ་ལས་ལྡོག་སྟེ་ཡིད་ཆེས་ཆེན་པོ་ཡོད་ངེས། ཕྱོགས་གཅིག་ནས་སློབ་བུ་འདི་ཚོར་ནུས་པ་འདྲ་མིན་སྣ་ཚོགས་ཡོད་ཅིང༌། གཡོལ་ཐབས་བྲལ་བའི་ལས་དོན་མ་འགྲུབ་པའང་མང་པོ་ཡོང་གི་ཡོད། ལས་དོན་འཐུས་ཤོར་སོང་བ་དེ་ཚོས་ཁོང་ཚོའི་སྣང་བརྙན་ལ་དོ་ཕོགས་ཆེན་པོ་བྱུང་ངེས་ལ། འུ་ཅག་གི་ཕུགས་བསམ་མངོན་འགྱུར་ཡོང་བར་ཡང་དོགས་པ་སྣ་ཚོགས་ཤར་ངེས་རེད། ངེད་ཅག་གིས་ཐེ་ཚོམ་དང་སྐྱོན་བརྗོད་ཀྱི་ལོ་ཟླ་མང་པོ་བརྒྱུད་ནས་ཡོང་བ་ཡིན། འོན་ཀྱང་འཐབ་རྩོད་དང་སོམ་ཉི་འདི་དག་ནི་དོན་དངོས་ཀྱི་གནས་ལུགས་ཤིག་ཡིན་པར་ངོས་འཛིན་གྱི་ཡོད། གསོན་ཉམས་ལྡན་པའི་ཕུགས་བསམ་ནི་ཆུ་ཚོད་ཀྱི་བཀོད་སྒྲིག་འོག་གི་བྱ་བར་ངོས་འཛིན་མི་རུང་ཞིང༌། སྐར་ཆ་རེ་རེ་འགྲོ་དུས་དེའི་གྲུབ་འབྲས་གསལ་པོར་སྟོན་ཐུབ་རྒྱུ་ནི་ཡོང་མི་སྲིད་པའི་གནས་དོན་ཞིག་ཡིན། རང་གི་བསམ་བློར་ཡིད་ཆེས་ཡོད་མཁན་ཞིག་ཡིན་ན་དཀའ་ངལ་དང་ཞེ་འཁོན་འདི་དག་མི་ཚེའི་ལམ་བུར་ངེས་པར་དུ་འཕྲད་སྲིད་པའི་ངོས་འཛིན་གྱི་ཐོག་ནས་བདེན་དོན་འཚོལ་སྒྲུབ་བྱེད་དགོས་སོ། ང་རང་མི་བུ་སྒེར་ཞིག་ལ་མཚོན་ན་མི་ཚེའི་ལྟ་གྲུབ་ནི་མི་ཞིག་གི་བླ་སྲོག་ལྟར་ཐབས་ལམ་ལས་ཀྱང་ཆེས་གལ་ཆེ་བར་ངོས་འཛིན་གྱི་ཡོད། བདག་གི་བསམ་པར་སློབ་གསོའི་དམིགས་ཡུལ་ནི་མིའི་སེམས་པར་རང་དབང་ཐོབ་པ་བྱེད་རྒྱུ་ཡིན་ཞིང༌། མི་ཚེར་ཉེན་ཁ་དང་འོས་འགན་ཇི་ཙམ་ཡོད་པ་བཞིན་རང་དབང་ལ་དེ་བཞིན་དུ་ཉེན་ཁ་དང་འོས་འགན་ཡོད་ཀྱང༌། རང་དབང་ནི་རང་དབང་གི་ལམ་བུ་ཞིག་ལས་རྙེད་དགོས་པ་ཡིན་ནོ། སྐྱེ་བོ་མང་ཆེ་བས་བྱིས་པ་རྣམས་ལ་ཆེ་མཐོངས་བྱེད་རྒྱུ་བརྗེད་འགྲོ་གི་ཡོད་མོད། བདག་གི་བསམ་ཚུལ་ལྟར་ན་ཁོང་ཚོ་ནི་མི་རྒན་པ་རྣམས་ལས་ཀྱང་གསོན་ཉམས་ལྡན་ཞིང༌། ཁོང་ཚོས་རང་ཉིད་ལ་དབང་བའི་གོམས་གཤིས་ཀྱི་ཕྱི་སྒྲོམ་ཞིག་ཀྱང་སྐྲུན་གྱི་ཡོད། རྒྱུ་མཚན་དེ་ལྟར་ན་ཁོང་ཚོར་སློབ་ཚན་སློབ་པའི་ཆེད་དུ་སློབ་གྲྭ་འཛུགས་རྒྱུ་ཙམ་མ་ཡིན་པར་གཙོ་ཆེ་ཤོས་སེམས་ཀྱི་བདེ་སྡུག་ལ་གལ་ཆེན་འཛིན་པ་དང༌། མིའི་བརྩེ་དུངས་ཀྱི་འདུ་ཤེས་ལ་གཙིགས་ཆེན་འཛིན་སའི་འཇིག་རྟེན་ཞིག་བསྐྲུན་རྒྱུ་གལ་ཆེན་པོ་ཡིན། དེས་ན་ཨཱཤ་རཱམ་འདི་ནི་སྐྱེ་བོ་ཐམས་ཅད་ཞི་བདེའི་ངང་མི་ཚེའི་དོན་སྙིང་ཆེད་དུ་འཚོ་སའི་གནས་ཤིག་ཡིན་པ་དང༌། རང་གི་མི་ཚེ་དེ་ཡང་དུས་རྟག་ཏུ་མཉེན་པར་འཇོག་རྒྱུ་ཁོ་ན་མ་ཡིན་པར་ལས་དོན་དུ་མ་གཉེར་བར་གསོན་ཤུགས་ཡོད་པ་ཁོ་ན་ཡིན། གནས་འདིའི་བུ་སློབ་རྣམས་ཀྱི་སེམས་པ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཁོ་ནའི་ཆེད་དུས་རྟག་ཏུ་སྐུལ་འདེད་བྱེད་པ་དང༌། དེའང་ཆེས་མཐར་ཐུག་གི་ཕུགས་བསམ་ཞིག་ཡིན་པར་ངོས་འཛིན་ཏེ། ཨུ་ཚུགས་ཀྱིས་ཁོང་ཚོར་ངེས་པར་དུ་ལྟ་ཚུལ་འདི་འཛིན་དུ་མ་བཅུག་པར། འུ་ཅག་འཚོ་སྡོད་བྱེད་སའི་གནས་འདི་ནི་དཀོན་མཆོག་གི་ཕོ་བྲང་ཡིན་པར་ངེས་ཤེས་རྙེད་པར་བྱེད་ས་ཞིག་ཡིན། གནས་འདིའི་མི་རྣམས་ཀྱིས་དཀོན་མཆོག་གི་བུ་ཕྲུག་རྣམས་ལ་རེ་སྨོན་ཡོད་པ་དང༌། ཉི་མའི་འཆར་ནུབ་དང་རྒྱུ་སྐར་གྱི་མཛེས་སྡུག་ལ་བཏང་སྙོམས་སུ་མི་འཛིན་པར། རང་བྱུང་ཁམས་ཀྱི་ལེགས་སྐྱེས་སྟེ་མེ་ཏོག་དང་ཤིང་ཏོག་སོགས་ལ་མིའི་རིགས་ཀྱིས་དུངས་ཞེན་བྱེད་ས་ཞིག་ཡིན། རྒན་རྒོན་དང་ལོ་གཞོན། དགེ་རྒན་དང་སློབ་མ། ཡོད་ཚད་མདུན་ཅོག་ཅིག་གི་སྟེང་དུ་མཉམ་དུ་འདུས་ནས་ཉིན་རེའི་བཟའ་བཏུང་ལ་རོལ་བ་དང་མི་ཚེའི་མཐར་ཐུག་གི་ཁ་ཟས་ལ་རོལ་སའི་གནས་མཆོག་ཞིག་ཡིན་ནོ།། །།
མཆན།
༡༽ཆཱཏུསྤཱདིས྄། —Chatuspathis- ལེགས་སྦྱར་སྐད་དུ་གཙུག་ལག་སློབ་གྲྭ།
༢༽ཨཱཤ་རཱམ། —Ashram- ཆོས་སོགས་སློབ་གཉེར་བྱེད་སའི་ལྟེ་གནས།
༣༽ཤཱན་ཏི་ནིཀེ་ཏན། —Shanti Niketan: abode of peace- ཞི་གནས་ཁང༌།
༤༽ཨཱ་མཱ་ལཱ་ཀི། —Amalaki: The Phylantus Embilica སྐྱེ་དངོས་རིག་པར་ཧཕི་ལན་ཊས་ཨེམ་བྷི་ལི་ཞེས་པའི་ལྡོམ་བུ་ཞིག་གི་མིང༌།
༥༽སཱལ། —Sal; The Shorea Robusta- སྐྱེ་དངོས་རིག་པར་ཤོ་རི་རོ་བྷས྄ཊ་ཞེས་པའི་ལྗོན་ཤིང་ཞིག
༦༽གླུ་ཐལ་སྦྱར་མ། Gitanjali ཐེ་གོར་ལ་ནོ་བེལ་རྩོམ་རིག་བྱ་དགའ་ཐོབ་སའི་སྙན་ངག་ཞིག
རྩོམ་ཡིག་འདི་ནི་ཨ་རིའི་དུས་དེབ་༼རང་གཤིས།༽ཞེས་པའི་ཐོག་འཁོད་པ་ལས་ཕབ་བསྒྱུར་བྱས་པ་ཡིན། མ་ཕྱིར་བསྡུར་བ་གནང་རོགས།
Thursday, May 5, 2011
བདག་གི་སློབ་གྲྭ།་------ཐེ་ཀོར་གྱིས་བརྩམས།
འཇིག་རྟེན་གྱི་མིག
ཞང་ཡེ་ཤེས་སྡེ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙྰ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ།ལོ་ཙྰ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན།འདི་ཉིད་ཀྱི་འགྱུར་ལ།བཀའ་བར་པ་ཤེར་ཕྱིན་གྱི་སྐོར་ལ།《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།》《ཡུམ་འབྲིང་པོ་སྟོང་ཕྲག་ཉི་ཤུ་ལྔ་པ》《ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ》《ཤེས་རབ་ཁྲི་པ་བམ་པོ་སུམ་ཅུ་རྩ་བཞི་པ》《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ》《ཤེར་ཕྱིན་ལྔ་བརྒྱ་པ》དང་།《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་བར་གྲགས་པ་རྡོ་རྗེ་གཅོད་པ》སོགས་དང་།《འཁོར་ལོ་ཐ་མར་གཏོགས་པ》མདོ་སྡེ་ཕལ་པོ་ཆེ་ལ་སྤྱིར་ཤོ་ལོ་ཀ་འབུམ་དང་ལེའུ་བརྒྱ་ཡོད་པ་ལས།སྔོན་ན་ལནྡ་བི་ཧ་ར་ལ་མེ་དགྲ་བྱུང་བའི་རྐྱེན་གྱིས་མ་ཚང་བའི་འཕྲོ་ཇི་ཙམ་བཞུགས་པ་བསྒྱུར་པ་ལ་ཁྱོན་ལེའུ་བཅུ་བདུན་ཡོད་པ་རྣམས་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བེེ་རོ་ཙྰ་ནས་ཞུས་ཆེན་མཛད་པར་བཤད།
ཅོག་རོ་ཀླུའི་རྒྱལ་མཚན།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙྰ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ།ལོ་ཙྰ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན།འདི་ཉིད་ཀྱི་འགྱུར་ལ།《འཁོར་ལོ་དང་པོར་གཏོགས་པ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བའུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ》ཤོ་ལོ་ཀ་བདུན་བརྒྱ།བམ་པོ་གཉིས་པ།《དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད》ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་གྱ་གསུམ་པ།《དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རེ་བཞི་བསྡུས་ནས་སྟོན་པ་མའི་སོ་ཐར་གྱི་མདོ》ཤོ་ལོ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ།
སྐ་བ་དཔལ་བརྩེགས།
བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙྰ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ།འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས།《མངའ་བདག་ཉང་གི་ཆོས་འབྱུང་》ཤོག་གྲངས༣༠ལས།སློབ་དཔོན་བོདྷིསྭཏྭ་དང་འབྲོ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་སྐོར་བསྒྱུར་བ་དང་།ཡང་ཤོག་གྲངས༣༢༩ལས།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙྰ་བ་སྐ་བ་དཔལ་བརྩེགས་དང་།ཅོག་རོ་ཀླུའི་རྒྱལ་མཚན།རྨ་རིན་ཆེན་མཆོག་དང་གསུམ་ལ་གསེར་བསྐུར་ནས་པཎ་ཆེན་བྰི་མ་ལ་བོད་དུ་གདན་འདྲེན་ཞུ་བར་ཆེད་རྫོང་གནང་ཚུལ་གསུངས་པ་དང་།མཐུན་པར་གསང་སྔགས་སྔ་འགྱུར་གྱི་ཆོས་འབྱུང་ཕལ་ཆེ་བའི་ནང་གཅིག་མཚུངས་སུ་བཀོད་ཡོད་པ་མ་ཟད།སློབ་དཔོན་ཀྰ་མ་ལ་ཤྰི་ལ་དང་།རྒྱ་ནག་གི་བསམ་གཏན་མཇུག་བསྒྲིལ་རྗེས།རྩོད་གླེང་དེའི་མཇུག་བསྡོམས་ཀྱི་ཆེད་རྩོམ་ལྟ་བུར《སྒོམ་རིམ་རྣམ་གསུམ》ལོ་ཙྰ་བ་ཞང་ཡེ་ཤེས་སྡེས་བསྒྱུར་ཞིང་《དབུ་མ་སྣང་བ》ནི་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་གོང་གསལ་གསུང་རྩོམ་སོ་སོའི་འགྱུར་བྱང་གི་ནང་གསལ་པོར་འཁོད་པ་དང་།སློབ་དཔོན་ཀྰ་མ་ལ་ཤྰི་ལ་ནི་བསམ་ཡས་ཆོས་རྩོད་གྲུབ་ནས་ཡུན་རིང་མ་སོང་བར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མ་གཤེགས་གོང་དུ་ཧྰ་ཤང་མྰ་ཧྰ་ཡ་ནས་མངགས་པའི་གཤེད་མ་གཉིས་ཀྱིས་སྐུ་དཀྲོངས་པ་བཅས་ལ་བརྟག་ན་ཡང་།སྐ་བ་དཔལ་བརྩེགས་ནི་ཁྲོ་སྲོང་ལྡེ་བཙན་བཞུགས་དུས་ནས་ལོ་ཙྰ་བ་ཆེན་པོའི་གྲས་སུ་གྱུར་ཟིན་པ་གསལ་པོར་ར་འཕྲོད་བྱུང་ཡོད་པས་དོགས་པ་བྱེད་གདོས་དོན་མི་འདུག་སྙམ།ལོ་ཆེན་དེས་བསྒྱུར་བའི་བཀའ་བསྟན་སྐོར་འགྱུར་བྱུང་འཁོད་པ།《འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ》ཤོ་ལོ་ཀ་དྲུག་བརྒྱ་སུམ་ཅུ་(ཡིག་འབྲུ༢༠༡༦༠)《ས་བཅུ་པའི་རྣམ་པར་བཤད་པའི་བཤད་པ》སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ་(ཡིག་འབྲུ་༡༡༥༢༠༠)《འཕགས་པ་བཟང་པོ་སྤྱོད་པའི་རྒྱ་ཆེར་འགྲེལ་པ》སློབ་དཔོན་ཤྰཀྱ་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་བརྒྱད་བརྒྱ(ཡིག་འབྲུ༢༥༦༠༠)《བཟང་པོ་སྤྱོད་པའི་འགྲེལ་པ》སློབ་དཔོན་རྒྱན་བཟང་པོས་མཛད་པ་ཤོ་ལོ་ཀ་བཞི་བརྒྱ་ལྔ་བཅུ(ཡིག་འབྲུ༡༤༤༠༠)《འཕགས་པ་རྣམ་པར་མི་རྟོག་པའི་གཟུངས་ཀྱི་འགྲེལ་པ》སློབ་དཔོན་ཀྰ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ》སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་བུདྷ་ཤྲི་ཛྙ་ནས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་བརྒྱད་བརྒྱ་(ཡིག་འབྲུ༥༧༦༠༠)《ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ》སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཤོ་ལོ་ཀ་ཆིང་སྟོང་ལྔ་བརྒྱ(ཡིག་འབྲུ༤༨༠༠༠)《མདོ་སྡེ་རྒྱན》རྗེ་བཙུན་བྱམས་པས་མཛད་པ་ཤོ་ལོ་ཀ་དགུ་བརྒྱ(ཡིག་འབྲུ༢༨༨༠)《མདོ་སྡེ་རྒྱན་གྱི་འགྲེལ་པ》སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ(ཡིག་འབྲུ༡༡༥༢༠༠)
ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ།
ལོ་ཆེན་འདི་ཉིད་གཙང་ཞ་ལུ་གསེར་ཁང་གི་ཁང་གསར་གོང་མ་ཞེས་བྱ་བའི་རུས་རྒྱུད་དུ་ཡབ་བསམ་གྲུབ་དཔལ་བཟང་དང་། ཡུམ་རིན་ཆེན་ཆོས་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་བྱ༡༤༤༡ལོར་སྐུ་བལྟམས། མཚན་ཆོས་སྐྱོང་འབུམ་ཞེས་གསོལ། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྒྱལ་རྩེ་སྡེ་བ་དང་རིན་སྤུངས་པ་གཉིས་དམག་འཁྲུག་བྱུང་སྟེ་ཡབ་ཀྱང་དམག་འཁྲུག་གི་ཁྲོད་སྐུ་གཤེགས་སོང་། དེ་ནས་རྒྱལ་རྩེ་ཆོས་རྒྱལ་བཀྲ་ཤིས་འཕགས་པའི་ཞབས་འབྲིང་དུ་མངགས། དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ་མཁན་ཆེན་དཀོན་མཆོག་བཟང་པོའི་དྲུང་དུ་རབ་དུ་བྱུང་། མཚན་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་དྲུག་པར་རྗེ་དོན་གྲུབ་གྲགས་པས་མཁན་པོ་དང་། དཀའ་བཅུ་བ་བསོད་ནམས་གྲགས་པས་ལས་སློབ། མཁར་གྲགས་པ་བསོད་ནམས་བློ་གྲོས་ཀྱིས་གསང་སྟོན་གནང་སྟེ་དཔལ་འཁོར་ཆོས་སྡེར་བསྙེན་པར་རྫོགས། དེ་ནས་ཁོང་གིས་མཁས་པའི་དབང་པོ་མང་པོའི་ཞབས་ལ་གཏུགས་ཏེ་མཁས་པའི་ཕ་རོལ་ཏུ་ཕྱིན། དགུང་ལོ་ང་གསུམ་པར་རྒྱ་སྟོན་ལྕགས་རི་བའི་གདན་སར་དབང་བསྐུར། དགུང་ལོ་ང་ལྔ་བར་གྲྭ་ཐང་གཙུག་ལག་ཁང་གི་གདན་སར་དབང་བསྐུར་བ་ནས་བཟུང་ཕྱིས་སུ་བཞུགས་ཡུལ་གཙོ་བོ་དེར་མཛད། དགུང་ལོ་དོན་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་སྐུལ་བཞིན་ཞ་ལུར་ཕེབས་ཏེ་མདོ་སྔགས་སྤྱི་དང་། ལྷག་པར་ཐུན་མོང་གི་རིག་གནས་བཤད་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་དོན་དྲུག་པར་སྡེ་པ་ཡར་རྒྱབ་པས་གདན་ཞུས་ལྟར་སློབ་གྲྭ་ཐང་དུ་ཕེབས་ནས་སྐུ་ཚེསི་མཐའ་མ་བར་བཞུགས། ལོ་ཆེན་གྱི་འགྱུར་གྱི་སྐོར་ལ་མདོ་སྔགས་རིག་གནས་ཀྱི་སྐོར་དང་། སུམ་རྟགས་སོགས་བརྡ་སྤྲོད་རིག་པའི་སྐོར་གྱི་བསྟན་བཅོས་སོགས་མང་དུ་མཛད་ལ། མདོར་ན་ལོ་ཆེན་འདི་ཉིད་གཞུང་མང་པོ་ལ་འགྱུར་བཅོས་སམ་ཧོར་ཀོང་བསབས་པ་སོགས་ཀྱི་སྒོ་ནས་ལེགས་པར་མ་འགྱུར་བ་དང་། ལོག་པར་བསྒྱུར་བ། འགྱུར་ཆད་པ་སོགས་མཐའ་དག་གི་དྲི་མ་བཀྲུས་ནས་ཅི་ལྟ་བ་ཇི་སྙེད་པའི་རིག་གནས་ཀྱི་རྒྱུན་བཟང་པོ་ཤིན་ཏུ་གསལ་བར་མཛད་པར་མ་ཟད། བསྟན་བཅོས་ཀྱང་མང་པོ་གཞི་བསྒྱུར་དང་བརྩམས་གནང་བ་བཅས་གངས་རིའི་ཁྲོད་ཀྱི་ལོ་ཙཱ་བ་ཆེན་མོ་དང་། ལྷག་པར་རིག་གནས་ལ་ཕྱག་རྗེས་ཤིན་ཏུ་ཆེ། མཐར་དགུང་གྲངས་གྱ་བདུན་ཕེབས་པ་རབ་བྱུང་དགུ་བའི་མེ་ཕག༡༥༢༧ལོར་ཐུགས་སྲས་པད་མ་དཀར་པོ་གྲྭ་ཐང་གི་གདན་སར་བསྐོ་བཞག་མཛད་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ།
དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།
ཁོང་ནི་རབ་བྱུང་ལྔ་བའི་མེ་བྱི(༡༢༧༦)ལ་སྟོད་ལྷོ་སྤྱང་ལུང་གི་འི་འབུ་གྱམ་དུ་སྐུ་འཁྲུངས། ཡུམ་སྔ་མོར་གཤེགས་ནས་ལུག་གི་འོ་མས་གསོས་པས་ལུ་གུ་ཞེས་པའི་མཚན་ཐོགས། དགུང་ལོ་ལྔ་པ་ལ་ཆོས་རྗེ་སྤྱང་གླིང་པ་ལས་དགེ་བསྙེན་ནོད། མཚན་བློ་གྲོས་བརྟན་པར་གསོལ། དགུང་ལོ་བདུན་པ་ལ་མཁན་ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་པ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གཅིག་པ་ལ་དགེ་བའི་བཤེས་གཉེན་འདི་གཉིས་ལས་མདོ་རྩ་རྫོགས་པར་བསླབས། དགུང་ལོ་བཅུ་གསུམ་ནས་བཅུ་དགུའི་བར་རྟག་བདེ་སེང་རྒྱལ་གྱི་ཞབས་ལ་གཏུགས་ཏེ་ཕར་ཕྱིན་མངོན་གསུམ་དང་། དབུ་མ། ཁྱད་པར་དུ་དུས་འཁོར་ལ་སྦྱངས་པས་མཁས་པར་མཁྱེན། དགུང་ལོ་ཉི་ཤུ་པ་ལ་མཁན་ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་པ་ལས་བསྙེན་པར་རྫོགས། ཨ་ཙ་ར་བྱུང་ཚད་ལས་ཕྲལ་སྐད་བསླབས། འཇམ་དབྱངས་གཞི་ཐོག་པ་དང་པནྜི་ཏའི་དབང་གི་ལོ་ཙཱ་མཛད་པས་ལོ་ཙཱ་བར་གྲགས། ཉེར་གཅིག་པར་བལ་ཡུལ་དུ་བྱོན་ནས་སྒྲ་སྙན་ངག་ལ་མཁས་པར་སྦྱངས། བལ་ཡུལ་ལ་ཁྱོན་ལན་བདུན་ཕེབས། དགུང་ལོ་སོ་གཉིས་པ་གུང་ཐང་གནས་པོ་ཆེར་ཆོས་གཞི་བཙུགས་ཏེ་གུང་ཐང་པ་བདེ་བློ་སོགས་སློབ་མའི་ཚོགས་མང་དུ་འདུས་པ་ལ་དབྱར་དུས་འཁོར། དགུན་ཕར་ཕྱིན་མབངོན་གསུམ་གྱི་དུས་ཆོས་གསུངས། སྙན་པའི་གྲགས་པ་རྒྱ་གར་དང་ཧོར་ཡུལ་ཚུན་ཁྱབ། དགུང་ལོ་དྲུག་ཅུ་རེ་གཉིས་པ་ལ་རྒྱལ་སྲས་རིན་པོ་ཆེའསི་ཞུ་འབུལ་བཞིན་བོ་དོང་ཨེའི་གདན་ཁྲིར་ཕེབས། གུང་ཐང་བདེ་བློ་སོགས་སློབ་བུ་མང་དུ་བྱོན། རྒྱུད་འཛིན་གྱི་སྲས་དབོན་པོ་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ཡིན། རྗེ་འདི་ཉིད་ཀྱི་འགྱུར་ཡང་མང་དུ་མཛད། ལོ་ཆེན་འདི་ཉིད་གཞན་དོན་གྱི་བྱ་བ་རྫོགས་ནས་དགུང་ལོ་དྲུག་ཅུ་རེ་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་ཆུ་རྟ(༡༣༤༢)ལོར་བོ་དོང་ཨེར་དག་པའི་ཞིང་དུ་གཤེགས།
ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།
ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ཁོང་། ལ་སྟོད་ལྷོའི་དཔྱད་ལུང་ཤར་གྱི་བོང་ར་ཞེས་པར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་། ཕར་ཚད་མངོན་པ་གསུམ་ལ་མཁས་པར་སྦྱངས། བདེ་ཀྱེ་དུས་འཁོར་གྱི་རྒྱུད་མང་དུ་གསན། འགྲོ་མགོན་འཕགས་པ་རིན་པོ་ཆེར་ལོ་ཙཱ་སློབ་ཏུ་འགྲོ་བས་རྫོང་བར་ཞུ་ཞུས་པས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། རེ་ཞིག་གཞུང་ལུགས་གསར་བ་བསྒྱུར་བའི་ནུས་པ་མ་བྱུང་ཡང་། པཎྜི་ཏ་ལ་སློབ་གཉེར་དང་དྲི་གཏུགས་ལེགས་པར་གྱིས་ཤིག ཅེས་གསུངས་ཤིང་སློབ་གཉེར་དུ་འགྲོ་བའི་མཐུན་རྐྱེན་སྦྱར། ཤོང་གི་ཐུགས་ལ་སྐྱེས་ཐོབ་ཀྱི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱངས་སྟོབས་ཀྱི་ཡོན་ཏན་རང་ལ་རག་ལས་པས་གསར་འགྱུར་ཅིས་མི་ནུས་སྙམ་ཞིང་། འགྲོ་མགོན་འཕགས་པ་རིན་པོ་ཆེའི་ཞབས་ཞུ་མདོ་སྨད་པ་བློ་གྲོས་རྒྱལ་བོ་ཟེར་བ་དང་འགྲོགས་ནས་བལ་བོར་བྱོན། པཎྜི་ཏ་ས་དབང་བཟང་བོའི་དྲུང་དུ་སྒྲ་སྙན་ངག་མངོན་བརྗོད་སྡེབ་སྦྱོར་སོགས་ལ་བྱང་བར་བསླབས་ནས་སླར་བོད་དུ་ལོག འགྲོ་མགོན་འཕགས་པའི་བཀའ་གསུང་ལྟར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་འགྱུར་ལེགས་ཤོས་སུ་བརྩི་བ་དེ་གསར་དུ་བསྒྱུར། སླར་རྒྱ་གར་དུ་བྱོན་ནས་པཎྜི་ཏ་ལཀྵིཾ་ཀ་ར་བོད་དུ་གདན་དྲངས་ཏེ། ལོ་པཎ་ཟུང་འབྲེལ་གྱིས་ཙནྡྲ་བའི་མདོ་སྦྱོར་བའི་རྩ་འགྲེལ། བཟློག་པ་བསྡུས་པ་རྩ་འགྲེལ། སློབ་དཔོན་སུ་པ་རཀྵི་ཏས་མཛད་པའི་སྨྲ་བ་ཀུན་ལ་འཇུག་པ་རྩ་འགྲེལ། སློབ་དཔོན་སེང་གེ་བཟང་བོས་མཛད་པའི་རྣམ་དབྱེའི་ལེའུ་སོགས་སྒྲ་རིག་པའི་གཞུང་དུ་མ་དང་། སྙན་ངག་རིག་པའི་གཞུང་སྙན་ངག་མེ་ལོང་དང་། སྙན་ངག་གི་བསྟན་བཅོས་དཔག་བསམ་འཁྲི་ཤིང་། ཟློས་གར་གྱི་བསྟན་བཅོས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་བ། འཇམ་དཔལ་གྱི་བསྟོད་པ་པྲྀ་ཏ་མ་ལ་སོགས་སྔར་མ་བསྒྱུར་བ་མང་བོ་གཞི་འགྱུར་མཛད། མངོན་བརྗོད་འཆི་མེད་མཛོད་ལ་འགྱུར་མཆན་མཛད་ཅིང་། སྒྲ་རིག་པ་དང་སྙན་ངག་རིག་པའི་བཤད་རྒྱུན་སྤེལ། ཁོང་ནི་བོད་དུ་ཐ་སྙད་རིག་གནས་དར་བར་ཕྱག་རྗེས་བླ་ན་མེད་པ་བཞག་པའི་ལོ་ཙཱ་བ་དང་མཁས་པ་གྲགས་ཆེན་ཞིག་གོ།
འགོས་ལོ་ཙཱ་བ་གཞོན་ནུ་དཔལ།
བོད་རབ་བྱུང་བདུན་པའི་ཆུ་སྤྲེལ་༡༣༩༢ལོ་བར་ནས་རབ་བྱུང་བརྒྱད་པའི་ལྕགས་གླང་ལོ༡༤༨༡ལོ་བར་དགུང་ལོ་དགུ་བཅུ་གོ་གཅིག་བཞུགས།སྐུ་ཚེའི་སྨད་དུ་ཀུན་བཟང་རྩེའི་རི་ཁྲོད་དུ་བཞུགས་པས་ཡེ་བཟང་རྩེ་པ་ཡང་ཟེར།ཁོང་ནི་ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་ཁྱིམ་དུ་ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་ཡུམ་སྲི་ཐར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་དགུའི་ཐོག་རབ་ཏུ་བྱུང་།དེ་ནས་སློབ་དཔོན་ཤེས་རབ་དར་རྒྱས་དང་།བསམ་བཟང་པ།ཀརྨ་དེ་བཞིན་གཤེགས་པ།རྗེ་ཙོང་ཁ་བ་སོགས་དགེ་བའི་བཤེས་གཉེན་དང་མཁས་པ་མང་དུ་བསྟེན་ནས་ཆོས་ལུགས་གྲུབ་མཐའ་ཁག་དང་།རིག་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོ་གྱུར་ཏེ《དུས་འཁོར་འགྲེལ་ཆེན》དང《དེབ་ཐེར་སྔོན་པོ》སོགས་གསུང་རྩོམ་པོད་བཅུ་ལྷག་ཙམ་ཡོད་ཀྱང་དཔེ་རྒྱུན་ཧ་ཅང་དཀོན།
ལོ་ཆེན་བྱང་ཆུབ་རྩེ་མོ།
ལོ་ཆེན་བྱང་ཆུབ་རྩེ་མོ།དཔང་ལོ་ཙྰ་བའི་དབོན་པོ་འདི་ཉིད་ལ་སྟོད་ལྷོ་ཟུར་ཚོ་ཞེས་པར་ཡབ་གཞོན་ནུ་དཔལ་བཟང་།ཡུམ་དཔང་ལོའི་ལྕམ་མི་ཡེ་ཤེས་སྨན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་ཡོས༡༣༠༣ལོར་སྐུ་བལྟམས།དགུང་ལོ་བདུན་པ་ལ་དཔང་ལོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས།དགུང་ལོ་བཅུ་དྲུག་པ་ལ་ཤོང་ལོའི་དབོན་པོ་མཁན་ཆེན་ཆོས་སྐྱོང་དཔལ་ལས་དགེ་ཚུལ་བསྒྲུབས།
དཔང་ལོས་མངའ་རིས་གནས་པོ་ཆེ་དང་།ས་སྐྱ་སོགས་སུ་འཁྲིད་དེ་བསླབ་སྦྱངས་གནང་།གུང་ཐང་གནས་པོ་ཆེར་དཔང་ལོ་ལས་མངོན་ཚད་གསན།ཨེའི་གདན་སར་ལོ་བཞི་རིག་གནས་ཕལ་མོ་ཆེ་ལ་སྦྱངས།དགུང་ལོ་ཉེར་གཉིས་པ་ལ་དཔལ་ལྡན་ས་སྐྱའི་མཁན་པོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་།ལས་ཀྱི་སློབ་དཔོན་དཔང་ལོ་དང་།གསང་སྟོན་ཆོས་རྗེ་བླ་མ།གྲིབ་ཚོད་མཁན་ཆེན་བསོད་ནམས་བཟང་པོས་མཛད་དེ་བསྙེན་པར་རྫོགས།དེ་ནས་ས་སྐྱར་བཤད་གསར་དང་།ཞ་ལུ་སོགས་སུ་གྲྭ་སྐོར་མཛད།དགུང་ལོ་ཉེར་ལྔ་པ་ལ་ལོ་ཙྰ་བ་མཁས་པར་གྱུར།བཤེས་གཉེན་ཆེན་པོ་ཆོས་རྗེ་བླ་མ་སྐུ་མཆེད་དང་།དཔལ་ལོ་ཙྰ་བ།རྒྱལ་སྲས་པ།བུ་དོལ་གཉིས།གངས་ཁྲོད་པ་གྲགས་པ་དཔལ།མ་ཏིག་པཎ་ཆེན།མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དུ་མའི་ཞབས་ལ་གཏུགས་ཏེ་མདོ་རྒྱུད་ཀྱི་ཟབ་ཆོས་གསན་སྦྱངས་དཔྱིས་ཕྱིན་མཛད་ཅིང་ཉམས་སུ་བཞེས་པས་གྲུབ་པའི་དབང་ཕྱུག་ཏུ་མངའ་གསོལ།རྒྱལ་སྲས་པས་ལོ་ཆེན་འདི་ལ་ཞལ་ཟས་ཀྱིས་བསྙེན་བཀུར་ན་མུ་གེའི་བསྐལ་པ་ལས་ཐར་གསུངས་པའི་སྙན་གྲགས་ཀྱིས་བསྙེན་བཀུར་མཆོད་པའི་མཚོ་བརྡོལ།ཆུ་ལ་མི་འབྱིང་།བུག་པ་ཆུང་ངུ་ལ་སྐུས་བརྟོལ།ཁང་ཆུང་དུ་མི་མང་པོ་ལ་དབང་བསྐུར་བའི་རྫུ་འཕྲུལ་བསྟན།མངོན་པར་མཁྱེན་པ་མངའ།དཔལ་ལྡན་བླ་མའི་བཀས་ཨེའི་གདན་ས་མཛད།སྟག་ལུང་པ་ནམ་མཁའ་དཔལ་བཟང་ལ་དུས་འཁོར་སྒྲ་སྙན་སོགས་གནང་བས་དེའི་བཤད་རྒྱུན་དབུས་སུ་ཆེར་དར།དེ་ནས་དྭགས་པོར་ཆོས་རྗེས་བླ་མའི་དྲུང་དུ་བྱོན།ཀ་ལྰ་པའི་ས་རིས་ཕུལ།དེ་ནས་གཙང་ཕྱོགས་སུ་བཞུགས།དགུང་ལོ་མཐོན་པོར་གྱུར་ཀྱང་སྤྱན་སྔ་གྲགས་བྱུང་བས་གདན་དྲངས་ནས།ཡར་ལུང་།གནད་ས་ཐེལ།གུང་ཐང་རྣམས་སུ་དུས་འཁོར་སྒྲ་སྙན་གྱི་ཆོས་ཆར་ཕབ།མཁས་པ་རྣམས་ཐུགས་ཚིམ་པར་གྱུར།སྟག་ཚང་།ཤངས།འུ་ཡུག་ཉང་སྟོད་རྣམས་སུ་དུས་འཁོར་གྱི་དབང་རྒྱུད་ཁྲིད་མང་དུ་གསུངས།ཀ་ལྰ་པའི་འགྲེལ་པ་སློབ་ཕན་སོགས་འགྱུར་དུ་མ་མཛད།འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རིན་པོ་ཆེ་བསྐྱངས།དབོན་པོ་ལོ་ཆེན་གྲགས་པ་དང་།སྒྲ་པ་ནམ་མཁའ་བཟང་པོ་སོགས་ཐུགས་སྲས་མང་དུ་བྱུང་།སྐུ་ཚེ་སྨད་དུ་གཙང་ཆུ་མིག་རིང་མོར་བཞུགས་ནས་གདུང་བྱ་མང་པོ་སྨིན་གྲོལ་ལ་བཀོད་དེ་དགུང་གྲངས་དོན་བརྒྱད་བཞེས་པ་རབ་བྱུང་དྲུག་པའི་ལྕགས་སྤྲེལ་(༡༣༨༠)ལོར་དག་པའི་ཞིང་དུ་གཤེགས།

Subscribe to:
Comments (Atom)