Wednesday, September 29, 2010

མི་སྐད།

མཐོ་པོའི་ཁྲི་ལ་བཞུགས་པའི་དཔོན་པོ་དང་། །
ས་ཁུག་གས་འོག་ལ་སྡོད་སྤྲང་པོ་གཉིས། །
སྡོད་སའི་སྟན་ལ་མཐོ་དམའ་ཡོད་ནའང་། །
ལུས་སེམས་བདེ་ལ་ཆགས་པ་འདྲ་འདྲ་ཡིན། །

མི་ཆེན་ཤ་མར་ཟོས་ནས་རྒྱས་པ་དང་། །
སྤྲང་པོ་ལྟོ་ལྷག་ལ་བརྟེན་འཚར་བ་གཉིས། །
བརྟེན་པའི་ཟས་ལ་སྣ་ཁ་མི་གཅིག་ཀྱང་། །
སྐྱེ་རྒ་ན་འཆིས་མནར་བ་འདྲ་འདྲ་ཡིན། །

1 comment:

  1. བཀྲ་ཤིས་བདེ་ལེགས། གུས་གངས་ཅན་པས་འདི་འབྱོར་ཐོ་བཀོད་ཡོད་ད།

    ReplyDelete