Monday, December 13, 2010

རླུང་བུ་ལྡང་དུས།

གཅིག་པུར་་་་་་་་
ལོ་མང་རུམ་པའི་མལ་གོས་སྐྱ་བོ་དེས་ཤེད་ཀྱིས་བཏུམས་ཀྱང
ཕྱི་རོལ་གྱི་རླུང་བུའི་འུར་སྒྲ་གཏན་ནས་བཀག་མི་ཐུབ་པས
འདར་ཕྲུག་ཕྲུག་གི་པུས་མོ་གཉིས་པོ་གློ་བར་འབྱར་ཏེ
གྲང་ཤུར་ཤུར་གྱི་སེམས་པ་ཨ་མའི་པང་དུ་ཕྱོགས

མ་གཞི་གཞན་ཡུལ་གྱི་འཚོ་བ་དེ་རྒྱུན་དུ་གྲང་ངར་ཆེ་བས
"ཚ་བའི་ཡུལ་"ཞེས་འབོད་ཀྱང་ངས་ནི་དྲོད་ཁོལ་ནམ་ཡང་མ་རྙེད

འུར་འུར་དུ་ལྡང་བའི་རླུང་བའི་སྐད་སྒྲ་དེ
ཡུག་ཟ་མ་ཞིག་གིས་སྨྲེ་ངག་འདོན་པ་འདྲ

ད་ནི་ཡིད་ཐང་ཆད་སོང
མགྱོགས་པོ་ནམ་ལང་བར་སྨོན།

 

No comments:

Post a Comment